རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་འགོ་འཛིན་གྱིས་མཐུན་སྦྱོར་སྒོ་ནས་གོ་ལ་ཧྲིལ་པོའི་ཉེན་ཁར་ཁ་གཏད་གཅོག་རྒྱུའི་ཐད་ནན་སྟོན་གནང་བ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། དུས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་འགོ་འཛིན་ཚོགས་འདུ་སྤྱི་ཚེས་༩ཉིན་ལྗར་པན་ཧྥུ་ཀང་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད། ཚོགས་འདུའི་རྗེས་སྤེལ་བའི་པུའུ་ཀྲང་གི་གསལ་བསྒྲགས་ནང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཆག་པའི་ཉེན་ཁ་འཕྲད་ཡོད་པས། རྒྱལ་ཁབ་ཁག་གི་མཐུན་སྦྱོར་སྒོ་ནས་གོ་ལ་ཧྲིལ་པོའི་ཉེན་ཁར་ཁ་གཏད་གཅོག་རྒྱུའི་གལ་ཆེའི་རང་བཞིན་ནན་སྟོན་བྱེད་དགོས་ཞེས་བསྟན་པ་དང་། གསལ་བསྒྲགས་ནང་། འཛམ་གླིང་དཔལ་འབྱོར་དེ་ཉིད་ད་ལོའི་ལོ་སྨད་དང་སང་ལོར་བརྟན་ཐོག་བསྐྱར་འཕར་ཡོང་རྒྱུའི་སྔོན་དཔག་བྱས་ཡོད། ཡིན་ནའང་། དེ་དང་ཆབས་ཅིག་གསལ་བསྒྲགས་ནང་། འཛམ་གླིང་དཔལ་འབྱོར་ལ་སྔར་བཞིན་འཕར་ཚད་ཆག་པའི་ཉེན་ཁ་འཕྲད་ཡོད་པ་དང་། ལྷག་པར་དུ་ཉོ་ཚོང་ཉེན་ཁ་དང་ས་ཁམས་ཆབ་སྲིད་ཀྱི་ཉེན་ཁ་ཡང་སྔར་བཞིན་ཆེ་རུ་འགྲོ་གི་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པས་མུ་མཐུད་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཆག་པའི་ཉེན་ཁར་ཁ་གཏད་གཅོག་རྒྱུ་ཡིན་པ་དང་ཆབས་ཅིག་བྱ་ཐབས་སྔར་ལས་ལྷག་པ་བཟུང་རྒྱུ་ཡིན་ཞེས་འཁོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།