རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཉོ་ཚོང་དང་གྲངས་གཞིའི་དཔལ་འབྱོར་པུའུ་ཀྲང་གི་གྲོས་ཚོགས་ཀྱིས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་པ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། དུས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཉོ་ཚོང་དང་གྲངས་གཞིའི་དཔལ་འབྱོར་གྱི་པུའུ་ཀྲང་ཚོགས་འདུ་སྤྱི་ཚེས་༩ཉིན་ལྗར་པ་ཚེ་ཁྲེང་རྫོང་ཀྲུའུ་པོ་གྲོང་ཁྱེར་དུ་མཇུག་འགྲིལ་ཡོད། ཚོགས་འདུའི་རྗེས་སྤེལ་བའི་པུའུ་ཀྲང་གསལ་བསྒྲགས་ནང་། རང་དབང་དང་གཞུང་དྲང་གི་ཉོ་ཚོང་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་དགོས་ཞེས་དང་། གསལ་བསྒྲགས་ནང་། རྒྱལ་ཁབ་ཉི་ཤུ་ཚོགས་པས་དགོས་ངེས་ཀྱི་བྱ་ཐབས་བཟུང་ནས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་རྩོད་གཞི་ཐག་གཅོད་བྱེད་པའི་སྒྲིག་གཞིར་ཤུགས་ཆེར་གཏོང་དགོས། ཉོ་ཚོང་དང་མ་འཇོག་རྒྱ་ཆེར་གཏོང་རྒྱུ་ནི་དཔལ་འབྱོར་དར་རྒྱས་དང་རྒྱུན་མཐུད་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཡིན་ནའང་མིག་སྔའི་ཉོ་ཚོང་ཁོར་ཡུག་གི་ཉེན་ཁས་འཛམ་གླིང་དཔལ་འབྱོར་འཕར་སྣོན་འགྲོ་བའི་མྱུར་ཚད་འགོར་དུ་འགྲོ་བཟོ་ཡོད་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།