ཞི་ཅིན་ཕིང་གིས་ཅེ་འར་ཅེ་སི་སི་ཐན་དང་། ཐ་ཅི་ཁེ་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞི་ཅིན་ཕིང་གིས་ཅེ་འར་ཅེ་སི་སི་ཐན་དང་། ཐ་ཅི་ཁེ་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པ་དང་ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐེངས་ལྔ་པར་ཞུགས་རྒྱུ་ཡིན་པ།

ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་སྤྱི་ཚེས་༩ཉིན། ཅེ་འར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་རེན་ཨེན་པེ་ཁེ་ཧྥུའི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཟླ་༦པའི་ཚེས་༡༢ཉིན་ནས་ཚེས་༡༤ཉིན་བར་ཅེ་འར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་པི་ཧྲི་ཁའེ་ཁེར་གཉེར་རྒྱུའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུར་ཞུགས་རྒྱུ་ཡིན་པ་རེད།

ཐ་ཅི་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སླ་ཧེ་མོང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་༦པའི་ཚེས་༡༤ཉིན་ནས་ཚེས་༡༦ཉིན་བར་ཏུའུ་ཧྲེང་པེར་གཉེར་རྒྱུའི་ཨ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་གྲོས་ཚོགས་ཀྱི་དབུ་ཚོགས་ཐེངས་ལྔ་པར་ཞུགས་རྒྱུ་མ་ཟད་ཐ་ཅི་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།