མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱས་ཏེ་གཞི་རིམ་གྱི་འགན་ཁུར་ཇེ་ཡང་ལ་གཏོང་བའི་སྐུལ་འདེད་གྲོས་ཚོགས་བསྡུས།
སྤེལ་བའི་དུས་ཚོད། : 2019-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱས་ཏེ་གཞི་རིམ་གྱི་འགན་ཁུར་ཇེ་ཡང་ལ་གཏོང་བའི་སྐུལ་འདེད་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

  གྲོས་ཚོགས་ལས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཕྱི་ཚུལ་རིང་ལུགས་ལེགས་བཅོས་བྱས་ཏེ་གཞི་རིམ་གྱི་འགན་ཁུར་ཇེ་ཡང་ལ་གཏོང་བའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ། ཏང་ཀྲི་པུའུ་བཅས་ཀྱི་ལེགས་བཅོས་བྱ་བ་དང་ལེགས་སྒྲིག་དངོས་འབེབས་བྱ་བ། ལམ་ལུགས་འཛུགས་སྐྲུན་བཅས་ཀྱི་བྱ་བའི་སྙན་ཞུར་ཉན།

  ཀྲང་ཧྲིག་ཁྲིན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་སློབ་སྦྱོང་སློབ་གསོ་དང་རང་བཤེར་རང་བཅོས། ཐུན་མོང་ལེགས་བཅོས་བཅས་དུས་རིམ་གསུམ་གྱི་བྱ་བའི་འོས་འགན་ལྟར་དུ། ཐུན་མོང་ལེགས་བཅོས་བྱ་བའི་ཁ་གཏད་རང་བཞིན་འབུར་དུ་ཐོན་པར་བྱས་ཏེ། ཆབ་སྲིད་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ་དང་བྱ་བའི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། བྱ་བའི་བྱེད་ཕྱོགས་གསར་གཏོད་བྱེད་པ། ལེགས་བཅོས་བྱེད་ཐབས་དངོས་འབེབས་བྱེད་པ། སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས། ཐུན་མོང་ལེགས་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་མཐར། གྲུབ་འབྲས་མངོན་གསལ་ལེན་དགོས་ཟེར།

  ཀྲང་ཧྲིག་ཁྲིན་གྱིས་ནན་གྱིས་བསྟན་དོན། མ་འོངས་པར་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཐུན་མོང་ལེགས་སྒྲིག་བྱ་བ་དང་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་གཞི་རིམ་གྱི་འགན་ཁུར་ཇེ་ཡང་ལ་གཏོང་བའི་བྱ་བ་བཅས་གཞི་གཅིག་ཏུ་སྦྲེལ་ནས། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་དང་པོ་བཞི་དང་ཆབ་སྲིད་ལས་ཁུངས་ཀྱི་བླང་བྱ་ལྟར་དུ། བར་མ་ཆད་པའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཐུན་མོང་ལེགས་སྒྲིག་བྱ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་ལག་ལེན་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཐུན་མོང་ལེགས་སྒྲིག་བྱ་བ་བདེན་སྒྲུབ་དང་གཏིང་ཟབ་དུ་སྤེལ་ནས། ལམ་ལུགས་འཛུགས་སྐྲུན་འཐུས་སྒོ་ཚང་བ་ཞིག་བསྐྲུན་ཏེ། བྱེད་ནུས་དང་སྤུས་ཚད། ལས་རིམ་ཁག་སོ་སོའི་ཕན་འབྲས་བཅས་མངོན་གསལ་ཇེ་མཐོར་གཏོད་དགོས་ཟེར། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།