ཝེ་ནེ་ཙུ་ལས་ཡང་བསྐྱར་ཁུ་ལུམ་པི་ཡའི་བར་གྱི་མཐའ་མཚམས་འགའ་ཤས་སྒོ་མོ་ཕྱེ་རྒྱུའི་གསལ་བསྒྲགས་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཝེ་ནེ་ཙུ་ལའི་ཙུང་ཐུང་མ་ཏུ་ལུས་སྤྱི་ཚེས་༧ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ནས། སྤྱི་ཚེས་༨ཉིན་ནས་བཟུང་། ཡང་བསྐྱར་ཁྱིམ་མཚེས་རྒྱལ་ཁབ་ཁུ་ལུམ་པི་ཡའི་བར་གྱི་མཐའ་མཚམས་འགའ་ཤས་སྒོ་མོ་ཕྱེ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

  མ་ཏོ་ལོས་སྤྱི་ཚེས་༧ཉིན་གྱི་དགོང་མོ་མི་སྒེར་གྱི་ཐུ་ཐེ་ཐོག རྒྱལ་ཁབ་ཀྱི་བདག་དབང་ལག་ལེན་གང་ལེགས་བསྟར་བའི་སྔོན་འགྲོའི་འོག ཁོང་གིས་སྤྱི་ཚེས་༨ཉིན་ནས་བཟུང་ཝེ་ནི་ཙུ་ལ་དང་ཁེ་ལུམ་པི་ཡའི་བར་གྱི་མཐའ་མཚམས་ཀྱི་ཤི་མེང་པོ་ལི་ཝའར་རྒྱལ་སྤྱིའི་ཟམ་ཆེན་དང་། སང་ཐན་ཏེ་ཟམ་ཆེན། མཉམ་འབྲེལ་ཟམ་ཆེན་བཅས་ཡང་བསྐྱར་སྒོ་འབྱེད་བྱ་རྒྱུའི་བཀའ་ཕབ་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། རིན་ཆེན་དབང་འདུས།