པར་ཙིར་གྱིས་ཧྭ་ཝེ་པར་ཙིར་དུ་གོང་འཕེལ་འགྲོ་རྒྱུར་བཀག་འགོག་བྱེད་རྒྱུ་མིན་པའི་བསྐྱར་བཤད་བྱས་པ།
སྤེལ་བའི་དུས་ཚོད། : 2019-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། པར་ཙིར་གྱི་ཙུང་ཐུང་གཞོན་པ་མོ་ལང་གིས་སྤྱི་ཚེས་༧ཉིན་སླར་ཡང་། མ་གཞི་ཨ་རི་སྲིད་གཞུང་གི་གནོན་ཤུགས་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད། འོན་ཀྱང་པར་ཙིར་གྱིས་ཧྭ་ཝེ་པར་ཙིར་དུ་གོང་འཕེལ་གཏོང་རྒྱུའི་འཆར་གཞིར་ཚོད་འཛིན་གང་ཡང་བྱས་མེད་ཅེས་བསྟན་གནང་ཡོད།

  མོ་ལང་གིས་ཉིན་དེ་རང་ལ་པར་ཙིར་གྱི་དཔལ་འབྱོར་གནས་ཐང་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ད་ལོའི་སྤྱི་ཟླ་༥པར་ཀྲུང་གོར་འཚམས་འདྲི་ཞུ་རིང་ཁོང་གིས་ཧྭ་ཝེ་ཡི་སྤྱི་འདོམས་པ་རེན་ཀྲེང་ཧྥེ་དང་ཐུག་འཕྲད་བྱུང་ཞེས་དང་། མོ་ལང་གིས། མིག་སྔར་འཛམ་གླིང་ཐོག་ཀུང་སི་ཉུང་ཤས་ཤིག་གིས་5Gཡི་ལག་རྩལ་ཁོང་དུ་ཆུད་ཡོད་པ་དང་། ཧྭ་ཝེ་དེའི་ཁྲོད་ཀྱི་གཅིག་རེད། པར་ཙིར་གྱི་གློག་འཕྲིན་ཁྱབ་ཁོངས་གོང་འཕེལ་ཆེན་པོ་དེ་ཙམ་མེད་པས། པར་ཙིར་ལ་ལག་རྩལ་གསར་པ་དེ་མཁོ་གི་ཡོད་ཅེས་བསྟན་གནང་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། རྒྱལ་པོ། དབང་འདུས།