ས་གནས་ཁག་གིས་ཤེས་དཔལ་གྱི་སྤྱོད་བཟང་ཐོག་ནས་སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་ལ་རོལ་རྒྱུའི་སྐུལ་མ་ཞུས་པ།
སྤེལ་བའི་དུས་ཚོད། : 2019-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་རིང་། ས་གནས་ཁག་གིས་དར་སྲོལ་གསར་པ་དར་སྤེལ་དང་། སྤྱི་ཚོགས་ཤེས་དཔལ་ཡར་རྒྱས་ལ་སྐུལ་འདེད་བཏང་ཏེ་སྲོལ་རྒྱུན་དུས་ཆེན་ལ་འོད་སྣང་གསར་པ་སྦྱིན་ཡོད།

  ཅང་ཤིའི་གུང་གཞོན་གྲོང་དུ་དུས་རབས་གསར་པའི་བྱིས་པ་བཟང་པོ་དང་། ཀུན་སྤྱོད་དཔེ་བཟང་སོགས་མི་སྣ་སུམ་ཅུ་ལྷག་མཉམ་དུ་འཛོམས་ཡོད། བྱེད་སྒོ་སྤེལ་བ་ཐག་བྱིས་པ་ཚོས་གཅེས་པར་འོས་པའི་ཀྲུང་གོ་ཞེས་པ་གྱེར་ཀློག་བྱས་པས་ཚོགས་ར་ཧ་ཅང་གི་འཁྲུག་པོ་བྱུང་ཡོད། ཅེའུ་ཅང་གྲོང་ཁྱེར་གྱི་ཆེས་མཛེས་ཤོས་ཀྱི་མི་སྣ་ཞེས་པའི་མཚན་སྙན་ཐོབ་མྱོང་བའི་ལེ་ཐིང་གིས། བྱེད་སྒོ་དེ་རིགས་ལ་ཞུགས་ཐུབ་པ་དེར་སེམས་ནང་ཧ་ཅང་དགའ་པོ་འདུག མི་བཟང་ཟེར་བ་དེ་རང་ཉིད་ཁོ་ནས་སྒྲུབ་པ་ཙམ་མ་ཡིན་པར། དེ་ནི་ཉེ་འཁོར་གྱི་མི་རྣམས་ལ་དེ་ལྟའི་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱེད་པ་དེ་ཡིན་ཞེས་གསུངས་ཡོད།

  ཀོང་ཤིའི་ཧྥང་ཁྲེང་གྲུ་ཁར། མཚོ་ཐོག་རྒྱལ་སྤྱིའི་འབྲུག་གྲུའི་འགྲན་བསྡུར་སྐབས་བཅུ་དྲུག་དངོས་སུ་སྤེལ་བཞིན་ཡོད། ཀོང་ཏུང་ཀྲའོ་ཆིང་ནས་ཡིན་པའི་འབྲུག་གྲུའི་རུ་ཁག་གི་རུ་མི་ཧོང་ཐ་ཡའོ་ཡིས། རང་ཉིད་ལོ་ཆུང་དུས་ནས་འབྲུག་གྲུའི་འགྲན་བསྡུར་ལ་བལྟ་རྒྱུར་དགའ་པོ་ཡོད། ད་ལྟ་ཕུགས་བསམ་མངོན་འགྱུར་བྱུང་སོང་ཞེས་བཤད་ཡོད།

  ཀྲེ་ཅང་ཁྲེང་ཀྲའུ་གྲོང་གསར་ཝུ་གཡོས་ཐང་ཆེན་དུ་ཁྱིམ་བདག་དང་ཕྲུག་གུ་ཚོས་རླུང་སྣོན་འབྲུག་གྲུའི་ཐོག་འཛེགས་ནས་རྩེད་མོར་རོལ་བཞིན་ཡོད་པས་ཧ་ཅང་གི་འཁྲུག་ཆ་དོད་པོ་ཡོད། ཉིན་ཤས་རིང་། ཁྲེང་ཀྲའུ་གྲོང་ཁྱེར་གྱིས་ཁྱིམ་མཛེས་སྣོན་ཞེས་པའི་དང་བླངས་རིག་གནས་ཀྱི་བརྗོད་གཙོའི་མུ་འབྲེལ་བྱེད་སྒོ་སྤེལ་བ་དང་། དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས་གྲོང་མི་ཚོར་ཡུའེ་ཅུད་ཟློས་གར་གྱི་འཁྲབ་སྟོན་བྱེད་སྟངས་མཛུབ་ཁྲིད་དང་། ཡིག་གཟུགས་སྦྱོང་བརྡར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བྱམས་པ་ཚེ་རིང་།