ས་གནས་ཁག་གིས་བྱེད་སྒོ་སྣེ་མང་གཉེར་ནས་མི་དེ་བས་མང་བས་དངོས་མིན་རིག་གནས་ཤུལ་བཞག་ལ་རྒྱུས་ལོན་བྱེད་དུ་བཅུག་པ།
སྤེལ་བའི་དུས་ཚོད། : 2019-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྤྱི་ཟླ་༦པའི་ཚེས་༨ཉིན་ནི་རང་རྒྱལ་གྱི་རིག་གནས་དང་རང་བྱུང་གནའ་ཤུལ་ཉིན་མོ་ཐེངས་གསུམ་པ་དེ་ཡིན་ཞིང་། ད་ལོའི་བརྗོད་བྱ་གཙོ་བོ་ནི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། ཀྲུང་གོའི་ལག་ལེན་ཞེས་པ་དེ་རེད། ས་གནས་ཁག་གིས་བྱེད་སྒོ་སྣེ་མང་གཉེར་ནས་མི་དེ་བས་མང་བས་དངོས་མིན་རིག་གནས་ཤུལ་བཞག་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད།

  རྔམ་བརྗིད་ལྡན་པའི་ཨན་སེ་ཡི་སྐེ་རྔའི་སྒྲའི་ཁྲོད། ༢༠༡༩ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ཉིན་མོའི་རིག་གནས་བཤམས་སྟོན་གྱི་ཚོགས་ར་གཙོ་བོའི་གྲོང་ཁྱེར་བྱེད་སྒོ་ཞེས་པ་སྤྱི་ཟླ་༦པའི་ཚེས་༨ཉིན་ཧྲའན་ཤི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དུ་གཉེར་ཡོད། ཐེངས་འདིའི་ཚོགས་ར་གཙོ་བོའི་གྲོང་ཁྱེར་གྱི་བྱེད་སྒོས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གྱི་བརྗོད་དོན་གཙོ་བོར་གཞིགས་ཏེ། ཡན་ཨན་ལུའུ་ཤུན་སྒྱུ་རྩལ་སློབ་གླིང་གི་གནས་ས་རྙིང་པ་དང་གསར་བརྗེའི་རིག་རྩལ་མཁས་པའི་འགྲེམས་ཁང་སྒོ་མོ་ཕྱེ་བ་དང་། རྒྱལ་ཡོངས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྐྱོད་སྐོར་གྱི་གླེང་སྟེགས། གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་སློབ་གསོ་སོགས་བྱེད་སྒོ་རབ་དང་རིམ་པ་གཉེར་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། མིག་དམར་རྒྱལ་པོ།