ཤིན་ཧྭ་གསར་འགྱུར་ཁང་གིས་ཤིན་ཧྲེ་ཕིང་གི་རྩོམ་ཡིག་འགོ་བརྗོད་དུ་གྱོང་རག་པ་གླེང་བ་ནི་ཨ་རིའི་བཙན་དབང་བྱ་ཐབས་ཀྱི་ཁ་གཡར་ས་རེད་ཅེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ཟླ་༦པའི་ཚེས་༩ཉིན་ཤིན་ཧྲེ་ཕིང་གི་རྩོམ་ཡིག་འགོ་བརྗོད་དུ་གྱོང་རག་པ་གླེང་བ་ནི་ཨ་རིའི་བཙན་དབང་བྱ་ཐབས་ཀྱི་ཁ་གཡར་ས་རེད་ཅེས་པ་སྤེལ་ཡོད། རྩོམ་ཡིག་ནང་། ཨ་རིས་གྱོང་རག་པ་ཁ་གཡར་ས་བྱས་ཏེ། བཙན་བཤེད་ཀྱི་བྱ་ཐབས་སྣ་ཚོགས་བེད་སྤྱོད་དང་། ཨ་རིའི་ཁེ་དབང་རྒྱལ་ཁབ་གཞན་གྱི་ཁེ་དབང་དང་རྒྱལ་སྤྱིའི་སྒྲིག་ལམ་གྱི་གོང་དུ་བཞག་པ་དང་། དུས་ནམ་ཡང་སྒེར་སྡེམ་ཁེ་དབང་ཆེ་ཤོས་ཐོབ་དགོས་བསམ་པ་རེད་ཅེས་དང་། རྩོམ་ཡིག་ནང་། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡིན་པ་དང་། མཉམ་ལས་གཉིས་ཕན་བྱས་ཚེ་གཞི་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་སྲིད། རྩིས་དེ་རྒྱག་མི་ཤེས་པ་དང་། སྒེར་སེམས་བཅངས་ནས་ལྐུགས་པ་ཨུ་ཚུགས་བྱས་ན། མཐའ་མཇུག་དུས་རབས་ཀྱི་རླབས་རྒྱུན་ལས་རྗེས་སུ་ལུས་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། མིག་དམར་རྒྱལ་པོ།