ད་ལོར་བོད་ལྗོངས་ཀྱི་སློབ་མ27580མཐོ་རྒྱུགས་ནང་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས6ཉིན་གྱི་སྔ་དྲོ། གསར་འགོད་པར་སློབ་གསོ་ཡིག་རྒྱུགས་ཁང་ནས་ཤེས་རྟོགས་བྱུང་བར། 2019ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་མ་བསྡུ་བའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ནང་རང་ལྗོངས་ཀྱི་སློབ་མ27580(ཁ་གཏད་མཐོ་རིམ་ལས་རིགས་སློབ་གྲྭ་ཕུད)ཞུགས་ཡོད། འདི་ལོ་རང་ལྗོངས་ཀྱིས་གྲོང་ཁྱེར་དང་ས་ཁུལ་7དང་། གོར་མོ་དོན་གཅོད་ཁྲུའུ། བོད་ལྗོངས་མི་རིགས་སློབ་ཆེན། ཁྲེང་ཏུའུ་གྲོང་ཁྱེར་བཅས་སུ་རྒྱུགས་ཁུལ་10དང་། རྒྱུགས་གནས་29རྒྱུགས་ར་965བཀོད་སྒྲིག་བྱས་ཤིང་། རྒྱུགས་སྤྲོད་ལྟ་ཞིབ་དགེ་རྒན3200དང་ཡིག་རྒྱུགས་ལས་དོན་མི་སྣ2000ལྷག་ཙམ་བཀོད་སྒྲིག་བྱས་ཡོད།

  གསར་འགོད་པར་ད་དུང་ཤེས་རྟོགས་བྱུང་གསལ། མིག་སྔར་རང་ལྗོངས་ཀྱིས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། ས་ཁུལ་དང་གྲོང་ཁྱེར། རྒྱུགས་གནས་སློབ་གྲྭ་བཅས་ཀྱི་རིམ་བཞིའི་གསོ་སྦྱོང་སྒྲིག་སྲོལ་ལམ་སྲོལ་བཟོས་ནས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ད་ཐེངས་མཐོ་རྒྱུགས་ལ་ཞུགས་པའི་འབྲེལ་ཡོད་ལས་དོན་མི་སྣ་རྣམས་ལ་གསོ་སྦྱོང་ནན་པོ་དང་གོ་རིམ་ལྡན་པ་བྱས་པ་དང་ཆབས་ཅིག་ཡིག་རྒྱུགས་སློབ་བསྡུའི་ཟུར་གཡོལ་ལམ་ལུགས་ལག་ལེན་ནན་པོ་བསྟར་ཡོད། རྒྱུགས་གནས་ཁག་གིས་གཙོ་གནད་ལས་གནས་དང་འགག་རྩའི་ས་ཆར་གཙོ་གནད་ཐོག་ལྟ་འདོམས་བྱས་ཏེ་མི་ཐབས་དང་ལག་རྩལ་གྱི་བྱ་ཐབས་ལ་སྔར་བས་ཤུགས་སྣོན་གྱིས་ཡིག་རྒྱུགས་ཀྱི་བདེ་འཇགས་འགན་ལེན་བྱས་ཡོད། རང་ལྗོངས་ཀྱིས་ད་དུང“རྒྱུགས་འབྲེལ་དྲ་རྒྱའི་ཁོར་ཡུག་གཙང་སེལ”དང་། “རྒྱུགས་གནས་ཉེ་འཁོར་གྱི་ཁོར་ཡུག་ལེགས་གཏོང” “གཡོ་ལས་ཡོ་ཆས་འཚོང་བར་རྡུང་རྡེག”“ཡིག་རྒྱུགས་ཚབ་འབྲིའི་གཡོ་ལས་ལ་རྡུང་རྡེག” “‘ཡིག་རྒྱུགས་ལ་རམ་འདེགས’ཀྱི་གསོ་སྦྱོང་སྒྲིག་གཞི་གཙང་བཤེར་བཅོས་སྒྲིག”བཅས་ཀྱི་ཆེད་དོན་བྱ་སྤྱོད་རིགས་ལྔ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཏེ་ཡིག་རྒྱུགས་ཁོར་ཡུག་ལེགས་སུ་བཏང་བ་རེད། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།