“བྱ་སྤྱོད་ཆེན་པོ་བརྒྱད”ལ་བརྟེན་ནས་མང་ཚོགས་ཀྱི“ལྕེ་ཐོག”གི་བདེ་འཇགས་འགན་ལེན་བྱེད་པ།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོར། ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ཞིང་ལས་སྤུས་ཚད་ལོའི་གཙོ་རྐང་འདིར་དམ་པོར་དམིགས་ཤིང་། ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ལ་དམ་འཛིན་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལྟ་འདོམས་ལ་དམ་འཛིན་བྱས་པས། ཞིང་འབྲོག་ཐོན་རྫས་དང་ཆུའི་ཐོན་རྫས་ཀྱི་ལྟ་ཞིབ་ཚད་ལོན་ཚད་97.26%ཟིན་པ་དང་། ལོ་5བསྟུད་མར་97%ཙམ་གྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ནས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག”གི་བདེ་འཇགས་འགན་ལེན་ཐུབ་པ་རེད།

  ཐོན་སྐྱེད་ཚད་ལྡན་ཅན་གྱི་སྐུལ་འདེད་བྱ་སྤྱོད་སྤེལ་ཞིང་། མིག་སྔར་ལྗོངས་ཡོངས་ཀྱིས་ཞིང་འབྲོག་ལས་ཀྱི་ས་གནས་ཀྱི་ཚད་གཞི་ཁག་86བཟོས་པ་དང་། ནས་དང་། གཟན་རྩྭ། འབྲི་གཡག བོད་ཕག བོད་ལུག་སོགས་ཀྱི་ཐོན་ལས་ཀྱི་ཚད་གཞི་རིམ་གྲས་ཆེན་པོ་བདུན་བཟོས་ནས་ཐོན་སྐྱེད་དང་ལས་སྣོན་སོགས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚད་གཞིའི་མ་ལག་རིམ་བཞིན་ཆགས་པར་བྱས་ཡོད་པ་རེད།

  ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་བྱ་སྤྱོད་སྤེལ་ཞིང་། པུའུ་དང་ཞིང་ཆེན་རིམ་པ་གཉིས་ཀྱིས་དུས་ཚིགས་གཞིར་བཟུང་འཆར་ཅན(ཉེན་ཁ)གྱི་ལྟ་ཞིབ་ཚད་ལེན་དང་། གྲོང་ཁྱེར་དང་ས་ཁུལ་གྱིས་ཟླ་རེ་བཞིན་ཞིབ་དཔྱད་མྱུར་པོ་བྱེད་རྒྱུ་གཙོ་བོར་བྱེད་པའི་འཆར་ཅན་གྱི་ལྟ་ཞིབ་ཚད་ལེན་དང་། དུས་ཆེན་དང་ངལ་གསོའི་ཉིན་མོ་གལ་ཆེན་གྱི་ཆེད་དོན་ལྟ་ཞིབ་ཚད་ལེན། གནད་དོན་ཤེས་རྟོགས་བྱུང་རིགས་ལ་ལྟ་སྐུལ་འཐེན་བཤེར་བྱེད་པའི་ལམ་ལུགས་བཟོས་ཏེ་ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞིར་སྤྱིར་ན་ཁྱབ་ཡོད་པ་རེད།

  ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁྲིམས་འཛིན་བྱ་སྤྱོད་སྤེལ་ཞིང་། རྒྱུན་གཏན་གྱི་ལྟ་འདོམས་དང་གཙོ་གནད་ཀྱི་ལྟ་འདོམས་ཟུང་འབྲེལ་བྱེད་པ་དང་། ཁྱོན་ཡོངས་བཅོས་སྒྲིག་དང་ཆེད་དོན་བཅོས་སྒྲིག་ཟུང་འབྲེལ་བྱས་ཏེ་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་སྤེལ་ནས་དུས་ཚོད་ཡོལ་བ་དང་མཚོན་རྟགས་མེད་པའི་ས་བོན་དང་དུས་ཚོད་ཡོལ་བའི་ཞིང་སྨན་དང་ཕྱུགས་སྨན་འགྱིག་ཤོག(ཤོག་སྒམ་དང་། ཁབ། ཤེལ་དམ)447ཞིབ་བཤེར་རྩིས་ལེན་བྱས་པ་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དང་ཞིང་ལས་ཐོན་རྫས་ཐོན་སྐྱེད་གཉེར་སྐྱོང་ཚན་པར་ཁྲིམས་འཛིན་མི་སྣ་མི་ཐེངས་1267བཏང་ཡོད་པ་རེད།

  ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇཌ་རྫོང་གཏོད་པའི་བྱ་སྤྱོད་སྤེལ་ཞིང་། རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་གཏོད་པ་དང་། ཞིང་ལས་གྲོང་གསེབ་པུའུ་ལ་གཞོགས་འདེགས་ཀྱིས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་གཏོད་འཛུགས་ཞིབ་བཤེར་དང་རྩིས་ལེན་ལས་དོན་ཧུར་ཐག་བསྒྲུབས་པས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་3ཟིན་ཡོད་པ་རེད།

  ཐོན་སྐྱེད་ཁུལ་གྱི་ཁོར་ཡུག་གཙང་བཟོའི་བྱ་སྤྱོད་སྤེལ་ཞིང་། 2019ལོར་རྫས་ལུད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་དཔེ་སྟོན་མུའུ་ཁྲི་8དང་ས་དཔྱད་ལུད་སྦྱོར་གྱི་ལུད་མུའུ་ཁྲི་190རྒྱག་པའི་བྱ་ཐབས་མུ་མཐུད་ལག་བསྟར་བྱས་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་པར་གནོད་མེད་ངང་སྔོན་འགོག་ཚོད་འཛིན་དང་མཉམ་འགོག་མཉམ་བཅོས་ཀྱི་མཉམ་འདྲེས་སྐུལ་འདེད་དཔེ་སྟོན་ཁུལ་གཙོ་བོ་2བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད།

  ཞིང་ལས་ཀྱི་སྤུས་རྟགས་ལེགས་གཏོང་གི་བྱ་སྤྱོད་སྤེལ་ཞིང་། ཀྲུང་གོའི་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱི་ལྗང་མདོག་དང་སྐྱེ་ལྡན་བཟའ་བཅའི་ཁས་ལེན་དཔང་འདོན་གྱི་འགྲོ་གྲོན་དང་མཚོན་རྟགས་བེད་སྤྱོད་འགྲོ་གྲོན་ཆག་ཡང་གཏོང་བའི་ཆོག་མཆན་བརྩོན་ལེན་ཧུར་ཐག་བྱས་པས། ལྗོངས་ཡོངས་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་འཕེལ་རྒྱས་གཞི་ཁྱོན་བསྡོམས་འབོར་221ཟིན་ཡོད་པ་རེད།

  སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་ཚན་རྩལ་འདེགས་སྐྱོར་གྱི་བྱ་སྤྱོད་སྤེལ་ཞིང་། གྲོང་ཁྱེར་དང་ས་ཁུལ་ཁག་ལ་ལག་རྩལ་གཙོ་བོ་ཁག་70འོས་སྦྱོར་བྱས་ནས་རྫོང་དང་ཆུས་ཁག་གིས་ཡུལ་བབ་དང་བསྟུན་ནས་ཉེར་སྤྱོད་ལག་རྩལ་གཉིས་གསུམ་བདམས་ཏེ་དཔེ་སྟོན་བེད་སྤྱོད་དང་ཁྱབ་གདལ་ལས་དོན་སྤེལ་བ་དང་། འདེབས་གསོའི་ལས་རིགས་ཀྱི་སོན་བཟང་འདུ་འགོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཤིང་། ཞིང་ལས་གྲོང་གསེབ་པུའུ་ལ་ཁྱིམ་ཕྱུགས་རྒྱུད་སྤེལ་གྱི་ཐོན་ཁུངས་རྣམ་གྲངས་ཁག་3རེ་ཞུ་བྱས་པ་རེད།

  ཐོན་སྐྱེད་གཉེར་སྐྱོང་བྱེད་པོའི་ནུས་པ་ཆེར་གཏོང་གི་བྱ་སྤྱོད་སྤེལ་ཞིང་། 2018ལོར་གསོ་སྦྱོང་སྒྲིག་གཞི་3གྱིས་རྫོང(ཆུས)23དུ་ཆེད་ལས་ཞིང་པ་གསར་པའི་གསོ་སྦྱོང་ཚོད་ལྟ་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་རྣམ་པའི་མི་4717དང་གཞོན་ནུའི་ཞིང་རའི་བདག་པོ་90གསོ་སྐྱོང་བྱས་ཡོད་པ་རེད། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།