མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཁག་ཁུར་ཇེ་དྲག་ཏུ་བཏང་བ་དང་དངོས་འབེབས་དམ་འཛིན་བྱས་ཏེ། འགན་ནུས་བཟང་པོར་བཏོན་ལ། དྲིལ་སྒྲོག་སློབ་སྦྱོང་སྐུལ་སློང་རྒྱ་ཆེར་བྱེད་པ་དང་། ཁུངས་སྣེ་ཡོངས་སུ་ཟབ་སྔོག་བྱེད་པ། ཕྱོགས་མང་དངུལ་བསྡུས་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ་སོགས་བརྒྱུད་ནས། ཆེད་དོན་འཐབ་རྩོད་ཀྱི་བྱ་བ་སྣ་ཚོགས་ཕན་ནུས་ལྡན་པའི་སྒོ་ནས་སྤེལ་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

  ནོར་སྲིད་ཐིན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། མཚོ་སྔོན་ནོར་སྲིད་ཁོངས་གཏོགས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ལག་བསྟར་ཇུས་གཞི་དང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ལག་བསྟར་ཇུས་གཞི་དཔར་ནས་བཀྲམས་པར་མ་ཟད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་མཁྲེགས་གཏོར་འགུལ་སྐྱོད་ཆེན་པོ་ལྔའི་ལས་འགན་གསལ་ཁྲ་གཏན་འབེབས་བྱས། ཐིན་ཏང་ཙུའུ་ཡི་ཚོགས་འདུ་དང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ་ཐེངས་མང་བསྡུས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དགོངས་དོན་གསར་པ་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་དང་ཐིན་ནང་ཁུལ་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་བྱ་བ་ཞིབ་ཕྲར་ཞིབ་འཇུག་བཀོད་སྒྲིག་བྱས་ལ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་བྱེད་པ་དང་ལས་བཟོ་པས་ཆབ་སྲིད་ལངས་གནས་ཇེ་མཐོར་གཏོང་བ་དང་། ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ། བྱ་བའི་འགན་ཁུར་དངོས་སུ་ཕྲག་ཏུ་ཁོར་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

  དེ་དང་མཉམ་དུ། ནོར་སྲིད་ཐིན་གྱིས་ལས་ཁུངས་ཀྱི་དྲ་ཚིགས་དང་ཆ་འཕྲིན་བསྒྲགས་བྱང་བརྒྱུད་ནས། སྤྱི་ཚོགས་སྟེང་ནོར་སྲིད་ཐིན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གྱི་ནག་འབྲེལ་ངན་འབྲེལ་ཆ་འཕྲིན་ཁུངས་སྣེ་འདོན་སྤྲོད་བྱེད་སའི་ཁ་པར་ཨང་གྲངས་དང་ཡིག་སྒམ་བསྒྲགས་ནས། མང་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་གང་ལེགས་ཀྱིས་ནོར་སྲིད་རྒྱུ་ནོར་དོ་དམ་ཁྱབ་ཁོངས་ཀྱི་ནག་འབྲེལ་ངན་འབྲེལ་ཁུངས་སྣེ་འཚོལ་བསྡུ་རྒྱ་ཆེར་བྱས། ཞིང་ཆེན་ཡོངས་ཀྱི་དངུལ་མཛོད་ཆུང་བའི་ཆེད་དོན་བཅོས་སྐྱོང་གི་ཁུངས་སྣེ་གཏུག་བཤེར་སྟེགས་བུ་བཀོལ་ནས། ཁུངས་སྣེ་འཚོལ་བསྡུ་བྱས་པ་དང་དུས་ལྟར་ཞིབ་བཤེར་རྩད་གཅོད་བྱས་ཏེ། འགོ་ཁུངས་ནས་འཚོལ་བཤེར་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཁུངས་སྣེའི་རྒྱབ་ཀྱི་ནག་འབྲེལ་ངན་འབྲེལ་གྱི་གནད་དོན་ཟབ་སྔོག་བྱས་ལ། ཕྱོགས་བསྡུས་ཁྲིམས་འཛིན་འགན་ནུས་དངོས་འབེབས་བྱས་ཏེ། ཆེད་དོན་འཐབ་རྩོད་ལ་ཕན་འབྲས་ངོ་མ་ཐོབ་པར་ཁག་ཐེག་བྱས།

  མིག་སྔའི་བར་དུ། ཞིང་ཆེན་ནོར་སྲིད་ཐིན་ལ་ནག་འབྲེལ་ངན་འབྲེལ་གྱི་ཁུངས་སྣེ་གཉིས་འབྱོར་བ་དང་། ཚང་མ་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་ལ་སྤྲད་པར་མ་ཟད་ཐག་གཅོད་བྱས་ལ། གཞི་རིམ་རྩ་འཛུགས་ཀྱིས་གཡོ་ལེན་བྱས་པའི་རྒྱལ་ཁབ་ཀྱི་རྒྱུ་ནོར་སྒོར་ཁྲི་དགུ་དང་སྟོང་གསུམ་དྲུག་བརྒྱ་ཕྱིར་བླངས་པ་དང་། གྱོད་འབྲེལ་ལས་ཁུངས་ལ་ཁྲལ་དངུལ་སྐོར་ས་ཡ་གསུམ་ཁ་གསབ་བྱེད་དུ་བཅུག་ལ། འབྲེལ་ཡོད་འགན་ཁུར་པར་ཡོངས་བསྒྲགས་སྐྱོན་བརྗོད་དང་ཁ་ལབ་སློབ་གསོ་དང་། འགན་བཞག་ཞིབ་བཤེར་སོགས་ཀྱི་ཆད་པ་བཅད། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།