མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་དང་ཚན་རིག རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་མཉམ་འབྲེལ་བྱས་ནས་བདེ་ཐང་དབུལ་སྐྱོར་དང་བརྩེ་སེམས་འབུལ་བའི་བྱ་འགུལ་སྤེལ།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། སློབ་གསོ་ཚན་རིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀན་ཡུས་ལེན་གྱིས་བསྒྲུབས་པའི་ཞིང་ཆེན་རིན་ཅི་སྨན་ཁང་གི་ཆེད་མཁས་པའི་སྨན་བཅོས་རུ་ཁག་དང་མཉམ་འབྲེལ་བྱས་ནས་གནས་གཏན་ཁེལ་གྱིས་དབུལ་སྐྱོར་བྱེད་སའི་སྡེ་བར་སོང་ནས་བདེ་ཐང་དབུལ་སྐྱོར་དང་བརྩེ་སེམས་འབུལ་བའི་བྱ་འགུལ་སྤེལ་ནས། བདེ་ཐང་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བཟང་བོ་བྱས།

  བྱ་འགུལ་ཁྲོད། སྨན་བཅོས་རུ་ཁག་གིས་སྡེ་དམངས་ཚོར་ཁྲག་ཤེད་འཇལ་བ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་མ་ཟད། ཆེད་མཁས་པའི་ནད་བརྟག་བྱ་འགུལ་སྤེལ་ནས། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་ལན་བཏབ་པ་དང་། ཚང་མར་འོས་འཚམ་གྱིས་ནད་བཅོས་བྱེད་པ་དང་སྨན་བཀོལ་བར་མཛུབ་སྟོན་བྱས་ཏེ། མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་ཆེད་མཁས་པའི་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱས།

  ཐེངས་འདིའི་བྱ་འགུལ་གྱིས་དབུལ་ཕོངས་མང་ཚོགས་ལ་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ཁོ་ཚོའི་ཉིན་རྒྱུན་གྱི་འཕྲོད་བསྟེན་བདེ་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་། ཡུལ་དངོས་ནས་མང་ཚོགས་བརྒྱ་དང་བཞི་བཅུར་ནད་བརྟག་སྨན་བཅོས་བྱས་པ་དང་། རིན་ཐང་སྒོར་སྟོང་ལྔ་ལྷག་གི་སྨན་རྫས་སྣ་སུམ་ཅུ་རིན་མ་བླངས་པར་བྱིན་པ་མ་ཟད། བདེ་ཐང་སྨན་བཅོས་དྲིལ་སྒྲོག་ལག་དེབ་སུམ་བརྒྱ་ལྷག་བཀྲམས། བྱ་འགུལ་དེར་མང་ཚོགས་ཀྱིས་བསྔགས་བརྗོད་ཆེན་པོ་ཐོབ། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།