མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་བྱ་བར་སྐུལ་སློང་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས་ནས་གཏམ་བཤད།

  གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་ཞིང་ཆེན་ཡོངས་ཀྱི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གི་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ནས། ཞིང་ཆེན་སྲིད་གྲོས་ཀྱི་བརྗོད་དོན་སློབ་གསོ་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་བཞི་བས་ཚོགས་ར་ནས་མཛུབ་སྟོན་བྱས་པར་མ་ཟད། དེ་བསྟུན་གྱི་བྱ་བར་བླང་བྱ་བཏོན།

  རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་འདུན་བཅས་ལ་གཅིག་གྱུར་བཀོད་འདོམས་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོད་རྒྱུ་དང་། བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་གོ་བ་མ་ནོར་བ་ལེན་པ། བརྗོད་དོན་སློབ་གསོའི་གཞི་རྩའི་འགན་ནུས་དང་སྤྱིའི་བླང་བྱ། དམིགས་འབེན་ཞིབ་ཕྲ། རྩ་བའི་བླང་བྱ་དང་གོ་རིམ་བཅས་ལ་གོ་བ་མ་ནོར་བ་ལེན་པ། བསམ་བློ་དང་སྦྱོར་བ་གཉིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གི་སྟེང་ནས་གཅིག་གྱུར་ཡོང་བར་འབད་དགོས་པ་ལས་གཞན། རྐང་འཛུགས་ས་མཐོན་པོ་ནས་འཆར་འགོད་བྱེད་པ་དང་ཚད་གཞི་མཐོན་པོའི་སྒོ་ནས་བླང་བྱ་འདོན་པ། སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་བར་འབད་འབུངས་ལྷོད་མེད་བྱེད་དགོས་ཟེར།

  རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། དམིགས་འབེན་འགན་འཁྲི་གཅིག་བསྡུས་བྱེད་རྒྱུ་དང་སྲིད་གྲོས་ཀྱི་དངོས་ཡོད་གནས་ཚུལ་དང་གཞི་གཅིག་ཏུ་སྦྲེལ་ནས། སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག ཞིབ་བཤེར་ཕྱིར་རྟོག ལེགས་སྒྲིག་དངོས་འབེབས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་བཅས་བརྗོད་དོན་སློབ་གསོའི་ལས་རིམ་ཡོངས་ལ་སྦྲེལ་དགོས། རྣམ་པ་སྣ་མང་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དངོས་འབེབས་དོན་འཁྱོལ་དང་སློབ་སྦྱོང་མཐར་ཕྱིན་བྱས་ནས། སློབ་སྦྱོང་གི་ཕན་འབྲས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཏང་གཤིས་སྦྱོང་བརྡར་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟེང་ནས་ཕན་འབྲས་ཐོབ་པར་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་ལུགས་འགན་ནུས་གནས་ཐིག་དཀྱིལ་སྙིང་དུ་བཟུང་ནས། བརྟག་དཔྱད་ཞིབ་འཇུག་དང་མང་ཚོགས་ལ་འབྲེལ་གཏུག་བྱེད་པ། གྲོས་མོལ་སྲིད་གླེང་བྱེད་པ། ཐུན་མོང་གི་ལྟ་བ་གཅིག་བསྡུས་བྱེད་པ་སོགས་ཀྱི་ཐད་ནས་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་རྒྱུ་དང་བསམ་ཕྱོགས་འདོར་ལེན་བྱེད་པ། བྱེད་ཕྱོགས་སྟོབས་ལྡན་ཅན་དུ་བསྒྱུར་བ་བཅས་ལ་འབད་དེ། བྱ་བར་སྐུལ་འདེད་བཏང་ནས་སྤུས་ཚད་ཕན་འབྲས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་དགོས་ཟེར།

  རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། སྲིད་གྲོས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་ནུས་ཁ་མིན་དོན་གྱིས་ཕྲག་སྟེང་དུ་བླངས་ནས། འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་དང་གོང་དཔེ་འོག་སྟོན་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ལྟ་སྐུལ་མཛུབ་སྟོན་གྱི་དངོས་འབེབས་བྱ་བར་ཤུགས་བསྣན་ནས། ལས་རིམ་གཉོམ་ཞན་ཅན་དམ་པོར་བཟུང་མཐར། བརྗོད་དོན་སློབ་གསོ་དོན་གནས་ཡོང་བ་དང་བརྗོད་དོན་སློབ་གསོ་སྤེལ་བ་བརྟན་འཇགས་ཡིན་པ། བརྗོད་དོན་སློབ་གསོ་སྤུས་ཚད་མཐོ་བའི་ངང་སྤེལ་བ། བརྗོད་དོན་སློབ་གསོའི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། བརྗོད་དོན་སློབ་གསོ་སྤེལ་ནས་ཕན་འབྲས་ཐོབ་པར་བྱེད་པ་བཅས་ལ་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན། ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་ཀྲང་ཝུན་ཁོས། མཱ་ཧེ་དབྱིན། ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཝང་ཅིན། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའུ་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཏང་ཙུའུ་ཁོངས་མི། ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།