སྤོས་འགྱིག་གིས་ལོ་རེར་ཆུ་གནས་བྱེ་བ་1ལྷག་ཙམ་གྱི་ཚེ་སྲོག་ཕྲོག་བཞིན་ཡོད།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བ་དང་ཆབས་ཅིག་གད་སྙིགས་ཀྱང་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་ལ། ལྷག་པར་དུ་རྒྱ་མཚོའི་སྤོས་འགྱིག་གད་སྙིགས་ཀྱིས་ཆུ་གནས་མང་པོའི་ཚེ་སྲོག་ཕྲོག་བཞིན་ཡོད། ཧྥ་རན་སིའི་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཧྲི་ལའོ་ལུན་སི་མོ་ལི་སི་ཡིས་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། རྒྱ་མཚོའི་སྤོས་འགྱིག་གད་སྙིགས་ཀྱིས་ལོ་རེར་ཆུ་གནས་བྱེ་བ་1དང་ས་ཡ་5ཙམ་གྱི་ཚེ་སྲོག་ཕྲོག་བཞིན་པ་དང་། ཉེ་བའི་ལོ་ཤས་རིང་། དེའི་གྲངས་འབོར་ད་དུང་མང་ནས་མང་དུ་འགྲོ་བའི་སྣང་ཚུལ་མངོན་ཡོད།

  མིའི་རིགས་ཀྱིས་ལོ་རེར་སྤོས་འགྱིག་ཏུན་དུང་ཕྱུར་3ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། 2002ལོ་ནས་2012ལོའི་བར་མིའི་རིགས་ཀྱིས་བཟོས་པའི་སྤོས་འགྱིག་གི་གད་སྙིགས་དེ་དུས་རབས་20པ་ཧྲིལ་པོ་ལས་ཀྱང་མང་བ་ཡོད་པས་སྲོག་ཆགས་ལ་གནོད་འཚེ་ཆེན་པོ་ཕོག་བཞིན་པ་དང་། རྒྱ་མཚོར་བཙོག་སྐྱོན་ཆེན་པོ་ཐེབས་ཀྱིན་ཡོད།

  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ་6པའི་ཚེས་8ཉིན་ནི་འཛམ་གླིང་གི་རྒྱ་མཚོའི་ཉིན་མོ་(WorldOceansDay)རུ་གཏན་འཁེལ་བྱས་ཡོད་ཅིང་། མིའི་རིགས་ཀྱི་བྱེད་སྒོས་རྒྱ་མཚོར་འཇིགས་སུ་རུང་བའི་གནོད་འཚེ་བཟོ་བཞིན་ཡོད་པ་དང་། མི་སྒེར་དང་ཚོགས་པ་ཡོངས་ལ་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་དང་རྒྱ་མཚོའི་ཐོན་ཁུངས་དོ་དམ་ནན་ཏན་བྱེད་པའི་འོས་འགན་ཡོད་པའི་ལྟ་ཚུལ་བཏོན་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝང་ཧྥེ།

  སྒྲིག་སྒྱུར། པད་མ།