ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་༢༣པའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླིང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་ཀྱི་གསུངས་བཤད་གལ་ཆེན་དེར་ཚོགས་ར་དངོས་ནས་ལན་ཆ་བཟང་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༧ཉིན་སྐབས་༢༣པའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླིང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། མིག་སྔའི་གོ་ལ་ཧྲིལ་པོའི་གནས་བབ་འོག་རྒྱུན་མཐུད་གོང་འཕེལ་དང་་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གསུངས་བཤད་གལ་ཆེན་གནང་བ་དེར་ཚོགས་ར་དངོས་སུ་ལན་ཆེན་བཟང་པོ་བྱུང་ཡོད།

  ཀྲུའུ་ཞི་ཞི་ཅིན་ཕིང་གིས། ང་ཚོས་དར་ཆ་གསལ་སྟོན་ངང་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་དང་། ཕྱོགས་མང་ཉོ་ཚོང་གི་སྒྲིག་གཞིར་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གླེང་གནང་ཡོད།

  ཏེ་ཆིན་ཀུང་སིའི་རང་ཚུགས་མཉམ་འབྲེལ་ཚོགས་པའི་ཉེན་ཁའི་དོ་དམ་པུའི་ལས་གཉེར་གྱི་འགན་འཁུར་བ་ཐེ་ལ་ཧྥེ་མོ་ཝ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་བཤད་དང་ཙུང་ཐུང་ཕུ་ཅིང་གི་གཏམ་བཤད་ཀྱི་བྱེད་ཐབས་མི་འདྲ་ཡང་གྲུབ་འབྲས་གཅིག་ཡིན། དེས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། མང་ཚོགས་ཀྱི་འཚོ་བའི་ཁྱབ་ཁོངས་ཁག་ལ་རྒྱབ་སྐྱོར་བྱེད་པ་མཚོན་གྱི་ཡོད་པ་དང་། གོང་འཕེལ་གྱི་བརྟན་པའི་རང་བཞིན་ལ་འགན་ལེན་བྱེད་ཐུབ། ཧ་ཅང་གལ་འགངས་ཆེ་བ་ཞིག་ནི། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་གཏམ་བཤད་ནང་འཛམ་གླིང་སྣེ་མང་ཅན་དང་། ཞི་བདེ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མཐུན་སྦྱོར་གོང་འཕེལ་ནན་བཤད་གནང་ཡོད་པ་དང་། ཕན་ཚུན་རམ་འདེགས་བྱ་རྒྱུ་དང་གཞོགས་འདེགས་བྱ་རྒྱུར་ནན་སྟོན་གནང་ཡོད།

  ཅང་སུའུ་གནམ་སྔོན་པོའི་མཁའ་འགྲུལ་མཁའ་སྐྱོད་ཐོན་ལས་ཁུལ་གྱི་ལས་འཛིན་དཔོན་མ་ཧའེ་པིང་གིས། དེས་ཁོང་དང་འདྲ་བའི་ཕྱི་ཕྱོགས་རྣམ་པའི་ཁེ་ལས་མཁས་ཅན་ཚོར་སྙིང་སྟོབས་ཆེར་སྐྱེད་བྱས་ཡོད་ཅེས་དང་། ཁོང་གིས། ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་དང་། ཕྱོགས་གཉིས་དང་ཕྱོགས་མང་སོགས་ཀྱི་དཔལ་འབྱོར་ཉོ་ཚོང་གི་གྲོས་མོལ་དེ་བཞིན་ཀྲུང་གོ་གོང་འཕེལ་སོགས་ཀྱིས། ང་ཚོ་ཁེ་ལས་མཁས་པར་རང་ངོས་ཀྱིས་ཁེ་ལས་དེ་ཡག་པོ་གཉེར་དགོས་པའི་ཚོར་སྣང་སླེབས་བྱུང་ཞེས་བཤད་ཡོད་པ་རེད།

  པེ་ཅིང་དམངས་གཉེར་དཔལ་འབྱོར་གོང་འཕེལ་སྐུལ་འདེད་ཚོགས་པའི་ཚོགས་གཙོ་གཞོན་པ་ཅང་མན་ཤང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་ཁེ་ལས་གོང་འཕེལ་ཆེད་སྔར་བས་དྲང་བདེན་དང་སྒོ་དབྱེའི་ཁོར་ཡུག་བསྐྲུན་ཐུབ་ཅེས་ཐེངས་མང་གླེང་གནང་ཡོད་ཅེས་དང་། ཁོང་གིས། ང་ཚོ་དམངས་གཉེར་ཁེ་ལས་ཡིན་པའི་ངོས་ནས། ཕྱི་ཕྱོགས་སུ་བསྐྱོད་པར་ཁོར་ཡུག་ཡག་པོ་ཞིག་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པའི་དྲང་བདེན་ངང་འགྲན་རྩོད་བྱེད་ཅེས་པ་དེ། རང་ཉིད་སེམས་ནང་ཧ་ཅང་གི་དགའ་པོ་བྱུང་ལ། ཡིད་ཆེས་ཀྱང་ཆེན་པོ་ཡོད་ཅེས་བཤད་འདུག

  ཤིན་ཅང་པ་ཀྲའུ་ཚོང་འགུག་གཟུགས་བརྙན་ཕོ་ཉ་མ་ཆིང་ཆིང་གིས་ཀྱང་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱ་རྒྱུའི་ཐད་བག་ཆགས་གཏིང་ཟབ་བྱུང་ཡོད། ཁོང་གིས། དེས་ས་ཁུལ་བར་སྔར་བས་ཞི་བདེ་དང་། བརྟན་ལྷིང་གི་གོང་འཕེལ་ཁོར་ཡུག་བསྐྲུན་ཐུབ་པའི་ངོས་འཛིན་བྱས་ཡོད། མ་ཆིང་ཆིང་གིས། རང་ཉིད་ཀྱི་བག་ཆགས་གཏིང་ཟབ་ཤོས་ནི་ཀྲུའུ་ཞི་ཞི་་ཅིན་ཕིང་གིས་གསུངས་པ་ལྟར། ཕྱོགས་རྐྱང་པའི་རིང་ལུགས་ལ་ངོ་རྒོལ་དང་། དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་རྒྱུ་དེ་ཡིན། མུ་མཐུད་ནས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་རྒྱལ་ཡོང་བ་བྱེད་དགོས་པ་དང་། རྒྱལ་ཡོངས་དང་། གོ་ལ་ཡོངས་ཀྱི་ཞི་བདེ་དང་། བརྟན་ལྷིང་། མཐུན་སྒྲིལ། མཛའ་གྲོགས་ཐོབ་པ་དང་། སྔར་བས་ཆེ་བའི་གྲུབ་འབྲས་ཐོབ་བ་བྱེད་དགོས་ཞེས་བཤད་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།