ཀྲུང་གོ་དང་ཨུ་རུ་སུའི་གཙོ་གཟུགས་སྨྱན་སྦྱོར་གྱི་རྒྱལ་མཚམས་བརྒལ་བའི་མཉམ་འགུལ་བྱེད་སྒོ་༼དགའ་སྐྱིད་ཀྱི་ཀྲུང་ཨུ་༽ཞེས་པ་ལེགས་གྲུབ་བྱུང་བ།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྤྱི་ཟླ་6པའི་ཚེས་5ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུ་ཅིང་གིས་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་མཉམ་དུ་༼དགའ་སྐྱིད་ཀྱི་ཀྲུང་ཨུ་༽ཞེས་པའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོའི་བརྙན་མཐོང་ཐུང་གྲས་ལ་གཟིགས་གནང་ཡོད། དམིགས་བསལ་གྱི་ལག་རྟགས་ཞིག་ཡིན་པའི་ངོས་ནས། ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ཡོད།

  སྤྱི་ཟླ་5པའི་ཚེས་20ཉིན་འགོ་ཚུགས་པ་ནས་བཟུང་། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དེ་རིང་གི་ཨུ་རུ་སུ་ཞེས་པའི་རྒྱལ་སྤྱིའི་འཕྲིན་གཏོང་ཁང་གིས་མཉམ་འབྲེལ་ཇུས་འགོད་ལག་བསྟར་བྱས་པའི་༼དགའ་སྐྱིད་ཀྱི་ཀྲུང་ཨུ་༽ཞེས་པའི་བྱེད་སྒོར་ཀྲུང་གོ་དང་ཨུ་རུ་སུའི་སྨྱར་སྦྱོར་གྱིས་རྒྱ་ཁྱབ་ཏུ་དོ་ཁུར་བྱས་ཡོད། ཀྲུང་ཨུའི་གསར་འགྱུར་དང་པོ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར། ཀྲུང་དབྱང་རླུང་འཕྲིན་དྲ་བ། རྒྱལ་སྤྱིའི་དྲ་བ་སོགས་ཀྲུང་གོའི་གཙོ་གཟུགས་སྨྱན་སྦྱོར་གྱིས་གལ་ཆེའི་གནས་སུ་རྒྱུན་མཐུད་ངང་བྱེད་སྒོའི་གནས་ཚུལ་སྤེལ་ཡོད་པ་རེད།

  ཨུ་རུ་སུའི་སྲིད་གཞུང་ལས་ཁུངས་ཀྱི་ཚགས་པར་ཨུ་རུ་སུའི་ཚགས་པར་ཞེས་པའི་ཐོག་སྤྱི་ཟླ་5པའི་ཚེས་21ཉིན་དང་སྤྱི་ཟླ་6པའི་ཚེས་3ཉིན་པར་ངོས་ཕྱེད་ཀ་བེད་སྤྱད་ནས་རྩོམ་ཡིག་ཐེངས་གཉིས་སྤེལ་བ་དང་། ༼དགའ་སྐྱིད་ཀྱི་ཀྲུང་ཨུ་༽ཞེས་པའི་བྱེད་སྒོའི་གྲུབ་འབྲས་ཀྱི་གནས་ཚུལ་ཞིབ་ཕྲ་སྤེལ་ཡོད། རྩོམ་ཡིག་ནང་། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་བ་དང་གོང་འཕེལ་ཆེ་བའི་དུས་རབས་གསར་པར་སླེབས་ཡོད། ༼དགའ་སྐྱིད་ཀྱི་ཀྲུང་ཨུ་༽ཞེས་པའི་བྱེད་སྒོ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྤེལ་རེས་མཉམ་འགུལ་གྱི་མྱོང་ཚོར་གསར་རྐྱང་ཞིག་སྤྲད་ཡོད་ཅིང་། ཀྲུང་གོ་དང་ཨུ་རུ་སུའི་དམངས་ཁྲོད་སྤེལ་རེས་ཀྱི་མཐོ་རླབས་འཕྱུར་ཡོད། གནས་ཚུལ་སྤེལ་བའི་ནང་། གཞི་ཁྱོན་ཆེ་བ་དང་། ཞུགས་ཚད་མཐོ་བའི་དམངས་ཁྲོད་སྤེལ་རེས་དེ་ལྟ་བུ་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་སྤེལ་རེས་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་དང་། ༼དགའ་སྐྱིད་ཀྱི་ཀྲུང་ཨུ་༽ཞེས་པའི་བྱེད་སྒོ་དེས་ལེགས་གྲུབ་ལྡན་པའི་ངང་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་གོང་འཕེལ་གྱི་དམངས་འདོད་རྨང་གཞི་བརྟན་དུ་བཏང་ཡོད།

  ཨུ་རུ་སུ་ཡོངས་ཀྱི་རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་སིའི་ཨུ་རུ་སུ་24ཞེས་པའི་གསར་འགྱུར་འཕྲིན་ལམ་ཐོག་སྤྱི་ཟླ་6པའི་ཚེས་3ཉིན་དང་5ཉིན་གྱི་ཆུ་ཚོད་ཏག་ཏག་གི་གསར་འགྱུར་ཁྲོད་༼དགའ་སྐྱིད་ཀྱི་ཀྲུང་ཨུ་༽ཞེས་པའི་བྱེད་སྒོའི་གནས་ཚུལ་སྤེལ་ཡོད་པ་རེད། གནས་ཚུལ་སྤེལ་བའི་ནང་། ༼དགའ་སྐྱིད་ཀྱི་ཀྲུང་ཨུ་༽ཞེས་པའི་བྱེད་སྒོ་དེས་རྟོག་བཟོ་དོན་དངོས་༼VR༽དང་། མི་བཟོས་རིག་ནུས་༼AI༽སོགས་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་མངོན་པར་བྱས་ཤིང་། ལྟ་ཀློག་དང་མཉམ་འགུལ་བྱེད་ཚད་མི་ཐེངས་དུང་ཕྱུར་10ལས་བརྒལ་ཡོད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོ་ནས་བསྡུ་རུབ་བྱས་པའི་གསར་གཏོད་ལག་རྟགས་བརྩམས་ཆོས་1800ལས་བརྒལ་ཡོད་པས། རྒྱལ་ཁབ་གཉིས་པོའི་མང་ཚོགས་ནས་ཐེ་ཞུགས་དང་ལག་རྟགས་འབུལ་བའི་མཐོ་རླབས་འཕྱུར་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  ཞུ་དག མགོན་པོ་གཡུལ་རྒྱལ།

  ཡིག་སྒྱུར། དབང་འདུས།