ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

མཆུ་སྒྲོས་སྐམ་པོར་གྱུར་ཚེ་འདི་ལ་རྟེན་ན་བཟང་།

2020-11-19 10:43:00     责编:sangjzm

སྟོན་ཁར་སླེབས་མ་ཐག་མི་ཁ་ཤས་ཀྱི་སྐྱི་པགས་སྐམ་པོར་འགྱུར་སྲིད། དེ་ལས་དཀའ་ངལ་ཆེ་ཤོས་ཤིག་ནི་མཆུ་སྒྲོས་སྐམ་པོར་འགྱུར་བ་དེ་རེད། སྐྱི་པགས་སྐམ་ཤས་ཆེ་བ་ནི་དོན་དག་ཆུང་ཆུང་རེད། ཚབས་ཆེ་ན་གས་ནས་ཁྲག་ཡང་ཐོན་སྲིད། དེ་ནས་རང་ཤུགས་ཀྱིས་ཁ་ལ་ལྕེ་ལྡག་བྱས་ན། མཐར་ལྡག་གིན་ལྡག་གིན་ཇེ་སྐམ་ལ་འགྲོ་ངེས། དེ་ན་སྐམ་ཤས་ཆེ་བའི་རྐྱེན་གྱིས་མཆུ་སྒྲོས་སྐམ་པ་འདི་ལ་ང་ཚོར་བཅོས་ཐབས་ཤིག་ཡོད་དམ།

ངོ་སྤྲོད་བྱས་པར་གཞིགས་ན། ལུས་པོའི་གནས་གཞན་གྱི་སྐྱི་པགས་དང་བསྡུར་ན། མཆུ་སྒྲོས་ཀྱི་པགས་པ་དང་འབྱར་སྐྱི་ཧ་ཅང་སྲབ་ལ། མཐའ་འཁོར་གྱི་སྐྱི་མོའི་སུམ་ཆའི་གཅིག་གི་མཐུག་ཚད་ལས་མེད། དེ་མ་ཟད་དེ་ལ་པགས་ཚིལ་གཤེར་རྨེན་དང་རྔུལ་ཁུང་གི་ཁ་མེད་པས། ཟགས་ཐོན་པགས་ཚིལ་དང་ཆུ་ཐོན་ནས་བརླན་སྤྲོད་མི་ཐུབ། དེར་བརྟེན། གནས་གཞན་གྱི་སྐྱི་པགས་དང་བསྡུར་ན་མཆུ་སྒྲོས་ལ་རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་མ་ལག་མེད་པས། སྐྱི་མོ་ལྷག་པར་དུ་སྐམ་པོར་འགྱུར་སླ།
ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་ཡུའེ་དབྱང་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སྨན་ཁང་གི་པགས་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ལི་ཧྥུ་ལུན་གྱིས་གསར་འགོད་པར་བརྗོད་དོན། སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་གཞུང་ལུགས་ཀྱི་འདོད་ཚུལ་ལྟར་ན། མཆུ་ནི་མཆེར་རྩས་བསྐོར་ཡོད་ལ། མཆེར་བར་ཚ་བ་ཡོད། ནང་དུ་ཚ་རླངས་རྒྱས་ནས་ཁ་ནས་ཕྱིར་ཐོན་ཡོང་། དེ་མ་ཟད་མཆུ་སྒྲོས་ཕྱི་ལ་མངོན་པས། གྲང་ངར་དང་སྐམ་ཤས་ཆེ་བ་སོགས་ཀྱི་ཕྱི་ལོག་གི་གནོད་འཚེ་ཐེབས་སླ་བ་དང་། གནས་འདིར་ནད་འབྱུང་སླ་བའང་དེའི་རྐྱེན་གྱི་རེད་ཅེས་བརྗོད།

“མི་མང་པོ་ཞིག་གིས་མཆུ་སྒྲོས་སྐམ་པོར་གྱུར་ཚེ་རང་འགུལ་ངང་མཆུ་སྒྲོས་ལ་ལྕེ་ལྡག་ཡང་ཡང་བྱེད། དོན་དངོས་སུ་གོམས་གཤིས་འདི་ནི་ཧ་ཅང་ནོར་འཁྲུལ་ཅན་ཞིག་རེད། མཆུ་སྒྲོས་གོང་འོག་གཉིས་ཀྱི་སྐམ་ཤས་ཆེ་བའི་ཚོར་བ་མེད་པར་གཏོང་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་སྐམ་ཤས་ཆེ་རུ་སོང་ནས་མཆུ་སྒྲོས་གས་པ་དང་། ཐ་ན་ཁྲག་རྡོལ་སྲིད་”ཅེས་ལི་ཧྥུ་ལུན་གྱིས་དེ་ལྟར་བཤད། དེ་ལས་གཞན། མཆུ་སྒྲོས་ཀྱི་སྐྱི་མོ་ཁོག་པ་ལ་སོ་བཏབ་ནས་ཁྲག་འདོན་པའང་གོམས་གཤིས་ངན་པ་ཞིག་རེད། མཆུ་སྒྲོས་ཀྱི་སྐྱི་མོ་ཧ་ཅང་སྲབ་པས། ཐད་ཀར་སྐྱི་མོ་སྐམ་པོ་ཕྱིར་ཁོག་པར་སོ་བཏབ་ཚེ། མཆུ་སྒྲོས་ཀྱི་སྐྱི་མོའི་འོག་གི་ཁྲག་རྩ་ཁྲ་མོར་གནོད་པ་ཐེབས་ནས་ཁྲག་ཐོན་སྲིད་པ་རེད།

ལི་ཧྥུ་ལུན་གྱིས་བརྗོད་དོན། སྟོན་དུས་གནམ་གཤིས་སྐམ་ཤས་ཆེ་བས་བཟའ་བཏུང་ལ་དོ་སྣང་བྱེད་དགོས་པ་དང་། དུས་རྒྱུན་པར་སྔོ་ཚལ་མང་པོ་ཟོས་ན་མཆུ་སྒྲོས་ཀྱི་གཉན་ཚད་འབྱུང་བར་སྔོན་འགོག་བྱེད་ཐུབ། གཞན་ཡང་། ཟ་མ་ཟོས་རྗེས་མྱུར་དུ་ཆུ་གཙང་མས་མཆུ་བཀྲུ་དགོས་པ་དང་། རང་གི་མཆུ་སྒྲོས་ཀྱི་སྐམ་ཤས་ཆེ་བའི་གནས་ཚུལ་ལ་གཞིགས་ནས་ཚད་འོས་འཚམས་ཀྱི་ཧྥན་ཧྲི་ལིན་﹙凡士林﹚སྣུམ་རྩི་བྱུགས་དགོས་ཞེས་བསྟན།
ཁྲོམ་རར་མཆུ་ཚོས་སྣ་ཚོགས་པ་ཡོད་པས། གང་ཞིག་འདེམས་དགོས་མིན་ཡང་མི་ཤེས། ལི་ཧྥུ་ལུན་གྱིས“སྒེར་གྱིས་བཟོས་པའི”བདེ་ཐང་གི་མཆུ་ཚོས་བཟོ་ཐབས་བསྟན་པ་སྟེ། “ལུའུ་ཧུའེ་ཁུ་བ﹙芦荟汁﹚དང་། སྟར་ཀའི་བྱེ་མ། འཚོ་བཅུདEདང་། སྐྱུ་རུའི་ཚི་སྣུམ་བཅས་མཉམ་སྦྱོར་བྱེད་དགོས་པར་བརྗོད་པ་དང་། དགོང་མོར་མ་ཉལ་གོང་ལ་མཆུ་སྒྲོས་གོང་འོག་གཉིས་ལ་བྱུགས་ན། སྟོན་ཁའི་སྐམ་ཤས་ཀྱི་རྐྱེན་ལས་བྱུང་བའི་མཆུ་སྒྲོས་མི་བདེ་བ་ཇེ་ཡང་དུ་གཏོང་ཐུབ”ཅེས་བཤད།

པགས་ནད་ཚན་ཁག་གི་ཆེད་མཁས་པས་བརྗོད་དོན། མཆུ་ཚོས་ བྱུགས་རྫས་ཇི་ཙམ་མང་ན་དེ་ཙམ་བཟང་བའི་ངེས་པ་མེད་དེ། མཆུ་ཚོས་ནང་གི་མངར་སྣུམ་ལ་ཆུ་འཇིབ་ཀྱི་ནུས་པ་ངེས་ཅན་ཞིག་ཡོད་པས། མཁའ་དབུགས་ཁྲོད་ཀྱི་ཆུ་འཇིབ་ནས་སྐྱི་པགས་རློན་པར་འགྱུར་སྲིད། ཡིན་ནའང་དེ་ལ་ཏག་ཏག་ཆུ་འཇིབ་ཀྱི་ཁྱད་ཆོས་དེ་ལྡན་སྟབས། གལ་ཏེ་ཅུང་སྐམ་ཤས་ཆེ་བའི་དུས་ཚིགས་སུ་མངར་སྣུམ་ཐོན་རྫས་ཁོ་ན་བཀོལ་ན། དེ་ལས་ལྡོག་སྟེ་སྐྱི་པགས་ཁྲོད་ནས་ཆུ་འཇིབ་སྲིད་པ་དང་། སྐྱི་པགས་ལྷག་པར་ཇེ་སྐམ་དུ་འགྲོ་བ་དང་ཐ་ན་ཆུ་ཤོར་འགྲོ། དེར་བརྟེན་སྐམ་ཤས་ཆེ་བའི་དུས་ཚིགས་སུ་མཆུ་ཚོས་བཀོལ་ཐེངས་ཡང་མང་དྲགས་མི་རུང་ཞེས་བསྟན།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

མཆུ་སྒྲོས་སྐམ་པོར་གྱུར་ཚེ་འདི་ལ་རྟེན་ན་བཟང་།

ངོ་སྤྲོད་བྱས་པར་གཞིགས་ན། ལུས་པོའི་གནས་གཞན་གྱི་སྐྱི་པགས་དང་བསྡུར་ན། མཆུ་སྒྲོས་ཀྱི་པགས་པ་དང་འབྱར་སྐྱི་ཧ་ཅང་སྲབ་ལ། མཐའ་འཁོར་གྱི་སྐྱི་མོའི་སུམ་ཆའི་གཅིག་གི་མཐུག་ཚད་ལས་མེད། དེ་མ་ཟད་དེ་ལ་པགས་ཚིལ་གཤེར་རྨེན་དང་རྔུལ་ཁུང་གི་ཁ་མེད་པས། ཟགས་ཐོན་པགས་ཚིལ་དང་ཆུ་ཐོན་ནས་བརླན་སྤྲོད་མི་ཐུབ། དེར་བརྟེན། གནས་གཞན་གྱི་སྐྱི་པགས་དང་བསྡུར་ན་མཆུ་སྒྲོས་ལ་རང་གིས་རང་ལ་སྲུང་སྐྱོབ་བྱེད