ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

སྟོན་ཁར་རི་འགོར་འཛེག་དུས་པུས་མོར་སྲུང་སྐྱོང་བྱ་རྒྱུ་མ་བརྗེད།

2020-11-19 09:56:00     责编:sangjzm

# གཅིག རི་འགོར་མ་འཛེགས་སྔོན།

༡ རི་འཛེགས་ཀྱི་འཆར་གཞི་འོས་འཚམ་ཞིག་བཟོ་དགོས།

མི་སྒེར་གྱི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་རི་འཛེགས་ཀྱི་འཆར་གཞི་བཟོ་དགོས་ཏེ། འགྲོ་སྐྱོད་ཀྱི་བར་ཐག་དང་། རི་རྩེའི་མཐོ་ཚད། རི་འཛེགས་བྱ་བར་དགོས་པའི་དུས་ཚོད་བཅས་སྔོན་རྩིས་བྱེད་པ་སོགས་འདུས་ཤིང་། རང་ལུས་ཀྱིས་ཐེག་ཐུབ་པའི་ཁྱབ་ཁོངས་ནང་བར་ཐག་རིང་པོ་དང་དྲག་ཚད་མཐོ་པོའི་རིར་གང་བྱུང་དུ་འཛེག་མི་རུང་། ཁ་དཔེར “རི་བོའི་ཡར་འཛེག་སླ་རུང་། ལ་ཐུར་དུ་འགྲོ་དཀའ”ཞེས་པ་ལྟར། སྔར་པུས་ཚིགས་ཀྱི་ནད་འགྱུར་བྱུང་མྱོང་བའི་མི་རྣམས་རི་འཛེགས་བྱེད་དུས་རྐང་ཐང་དུ་འགྲོ་བ་དང་། རི་འགོ་ནས་མར་འབབ་དུས་གློག་འཁོར་ལ་བསྡད་ནས་ཡོང་ཆོག དེ་ལྟར་ན་པུས་ཚིགས་ལ་ཕོག་པའི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ།

༢ ལུས་འབྱར་དངོས་པོའི་རིགས་ཇེ་ཉུང་དུ་གཏོང་དགོས།

ཁུག་མ་ལྕི་མོ་འཁུར་ན་རི་འཛེགས་སྐབས་སུ་པུས་ཚིགས་ཀྱི་ཁུར་པོ་ཇེ་ལྕིར་འགྲོ་བས། ལུས་འབྱར་དངོས་རིགས་ཇེ་ཉུང་བཏང་སྟེ། དངོས་པོ་ལྷག་མའི་རིགས་རི་གཤམ་དུ་མིར་ལྟ་རྟོག་བྱེད་དུ་འཇུག་པམ་ཡང་ན་ཉར་འཇོག་ཁང་དུ་འཇོག་དགོས།

༣ ལྷམ་དང་། པུས་ཁེབས་བདེ་མོ་འདེམས་དགོས་པར་མ་ཟད། རི་འཛེགས་དབྱུག་གུ་བཀོལ་སྤྱོད་བྱེད་དགོས།

རི་འཛེགས་ཀྱི་ལྷམ་བདེ་མོ་ཞིག་གྱོན་ན་རྐང་པར་འདེགས་སྐྱོར་གྱི་ནུས་པ་ལེགས་པོ་ཞིག་མཁོ་འདོན་བྱེད་ཐུབ་ཅིང་། དེས་གོམ་པ་བརྟན་པོ་སྤོ་བར་རམ་འདེགས་བྱེད་ཀྱི་ཡོད། པུས་ཁེབས་ཀྱིས་དྲོད་སྲུང་ཐུབ་པར་མ་ཟད་པུས་ཚིགས་ལ་ཐེབས་པའི་ཕྱི་ཤུགས་ཀྱི་རྡེབ་གཟེར་ཇེ་ཆུང་དུ་གཏོང་ཐུབ། ཞིབ་འཇུག་ལས་ཤེས་གསལ་བྱུང་བ་ལྟར་ན། རི་འཛེགས་དབྱུག་གུས་རི་འཛེག་སྐབས་པུས་ཚིགས་ལ་ཐེབས་པའི་གནོན་ཤུགས1/4ཇེ་དམའ་རུ་གཏོང་ཐུབ་ཅིང་། ལྷག་པར་དུ་ཐུར་ལམ་དུ་འགྲོ་དུས་རི་འཛེག་དབྱུག་གུའི་ནུས་པ་དེ་བས་མངོན་གསལ་དོད་པོ་ཡིན།

# གཉིས། རི་འགོར་འཛེག་སྐབས།

༡ ལུས་དྲོད་ཀྱི་འགུལ་སྐྱོད་ཡག་པོ་བྱེད་དགོས།

ལུས་དྲོད་རྒྱས་པའི་འགུལ་སྐྱོད་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་སྟེ། ལུས་དྲོད་རྒྱས་པའི་འགུལ་སྐྱོད་ཡག་པོ་ཞིག་བྱས་ན་ལྷུ་ཚིགས་དང་། ཤ་གནད། ཆུ་བ་སོགས་ལ་རྐྱོང་འཐེན་ལེགས་པོ་བྱེད་ཐུབ་པས་ཕུང་གྲུབ་སྙི་མོ་ལ་རྨས་སྐྱོན་འབྱུང་བར་མི་འཇུག

༢ གཟར་ཚད་ཆུང་བའི་ལམ་ཐིག་བདམས་ཏེSདབྱིབས་ཀྱི་འཁྱོག་ལམ་ལ་འགྲོ་དགོས།

རི་འགོར་འཛེག་དུས་དཀའ་ཚད་ཆེན་པོ་མེད་པ་དང་གཟར་ཚད་ཅུང་ཆུང་བའི་ལམ་ཐིག་བདམས་དགོས་ཤིང་། Sདབྱིབས་ཀྱི་འཁྱོག་ཐིག་ཏུ་འགྲོ་བ་ལས་ཐད་ཀར་འགྲོ་་མི་རུང་།

༣ མགྱོགས་ཚད་དལ་མོ་བྱེད་པ་དང་། འོས་འཚམ་གྱིས་ངལ་གསོ་བྱེད་དགོས།

རི་འཛེགས་ཀྱི་གོ་རིམ་ཁྲོད་མཐའ་གཅིག་ཏུ་མགྱོགས་ཚད་གཅིག་པུ་གཙོ་བོར་འཛིན་མི་རུང་བ་དང་། མཚམས་མི་ཆད་པར་ངལ་གསོ་བྱས་ཏེ་ལྷོད་ལྷོད་ངང་མཛེས་ལྗོངས་ལ་རོལ་མྱོང་བྱེད་བཞིན་འཛེགས་དགོས།

ལམ་འགྲམ་གྱི་མཛེས་ལྗོངས་ཀྱིས་ཀྱང་ཆུ་རྡུལ་དང་ནུས་ཚད་ཁ་གསབ་བྱེད་ཐུབ།

# གསུམ། རི་འགོར་འཛེགས་རྗེས།

༡ ཁོག་སྨད་ཇེ་མཐོར་བཏང་སྟེ། སྔ་མོ་ནས་ངལ་གསོ་བྱེད་དགོས།

རི་འཛེགས་མཇུག་སྒྲིལ་རྗེས་་སྔ་མོ་ནས་ཕྱིར་ལོག་སྟེ་ངལ་གསོ་རྒྱག་དགོས་ཤིང་། ཁོག་སྨད་ཇེ་མཐོར་བཏང་ནས་སྡོད་རྩའི་ཁྲག་ཕྱིར་འཁོར་རྒྱུག་བྱེད་པའི་འགོག་ཤུགས་ཇེ་ཆུང་དུ་གཏོང་དགོས་པ་དང་། དུས་མཚུངས་སུ་དུས་ཡུན་རིང་པོར་ཡར་ལངས་པ་དང་མར་བསྡད་ནས་མི་འདུག་པར། པུས་ཚིགས་ལ་ངལ་གསོ་ལེགས་པོ་བྱེད་དུ་འཇུག་དགོས།

༢ དྲོད་བཅོས་ཀྱི་ཐབས་ལ་བརྟེན་ནས་པུས་ཚིགས་མི་བདེ་བའི་རྣམ་པ་ཇེ་ལྷོད་དུ་གཏོང་དགོས།

གལ་ཏེ་རིར་འཛེགས་རྗེས་པུས་ཚིགས་ན་བ་དང་སྐྲངས་པ་སོགས་ཀྱི་མི་བདེ་བའི་ནད་རྟགས་བྱུང་ཚེ། དྲོད་བཅོས་ཀྱི་ཐབས་ལ་བརྟེན་ནས་དྲག་བཅོས་བྱེད་པའམ་ཡང་ན་ཁྲག་སྐམ་ཞུ་བའི་བྱེད་ནུས་ལྡན་པའི་རྩྭ་སྨན་དང་སྨན་ཆང་བྱུགས་དགོས།

དེ་ལས་གཞན། ད་རུང་ཚང་མར་གསལ་འདེབས་བྱེད་དགོས་པ་ཞིག་ནི། རི་འཛེགས་བྱས་ན་བཟང་ཡང་མི་ཚང་མར་འཚམ་པའི་ངེས་པ་མེད་ཅིང་། ལྷག་པར་དུ་པུས་ཚིགས་ཀྱི་ནད་ཚབས་ཆེན་ཡོད་པའི་མི་ཚོགས་ལ་རི་འཛེགས་དེ་ལུས་རྩལ་འགུལ་སྐྱོད་བྱེད་ཐབས་སུ་འོས་སྦྱོར་མི་བྱེད་དོ། །

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

སྟོན་ཁར་རི་འགོར་འཛེག་དུས་པུས་མོར་སྲུང་སྐྱོང་བྱ་རྒྱུ་མ་བརྗེད།

མི་སྒེར་གྱི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་རི་འཛེགས་ཀྱི་འཆར་གཞི་བཟོ་དགོས་ཏེ། འགྲོ་སྐྱོད་ཀྱི་བར་ཐག་དང་། རི་རྩེའི་མཐོ་ཚད། རི་འཛེགས་བྱ་བར་དགོས་པའི་དུས་ཚོད་བཅས་སྔོན་རྩིས་བྱེད་པ་སོགས་འདུས་ཤིང་། རང་ལུས་ཀྱིས་ཐེག་ཐུབ་པའི་ཁྱབ་ཁོངས་ནང་བར་ཐག་རིང་པོ་དང་དྲག་ཚད་མཐོ་པོའི་རིར་གང་བྱུང་དུ་འཛེག་མི་རུང་། ཁ་དཔེར “རི་བོའི་ཡར་འཛེག་སླ་རུང་། ལ་ཐུར་དུ་འགྲོ་དཀའ”ཞེས་པ་ལྟར། སྔར་པུས་ཚིགས་ཀྱི་ནད་འགྱུར་བྱུང་མྱ