ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ང་ཚོས་རྒས་སླ་བའི་གོམས་གཤིས་འདི་རིགས་སྤངས་ན་ལེགས།

2020-09-19 16:33:00     责编:卓玛才让

ཞོགས་ཟས་མི་བཟའ་བ།

    ཞོགས་ཟས་མ་བཟས་ན་ཕོ་བ་དང་རྒྱུ་མར་གནོད་པ་ཆེན་པོ་ཡོད་པས། དཀའ་ལས་ཁག་པ་དང་། ཕོ་བ་མི་བདེ་བ། མགོ་ན་བ་མ་ཟད། ད་དུང་མཁྲིས་རྡོའང་ཆགས་ཏེ་རྒས་སླ་པོ་ཡོད།

ཁོག་པ་སྟོང་པར་རྒྱུག་ཤར་གློད་པ།

    གལ་སྲིད་ཁ་ལག་གང་ཡང་མ་བཟས་པར་རྒྱུག་ཤར་གློད་ན། སྙིང་གཡུག་ཤུགས་ཆེ་རུ་ཕྱིན་ནས་སྙིང་གི་ཁུར་པོ་ལྕི་རུ་འགྲོ་བ་དང་། མཆིན་པའི་དྭངས་མ་དབྱེ་འབྱེད་ཀྱི་ནུས་པ་ཞན་དུ་འགྲོ་བས་རྒས་སླ་པོ་ཡོད།

ལ་ཁར་སོ་མི་འཁྲུད་པ།

    ཉལ་ཁར་སོ་མ་བཀྲུས་ན་སོ་རུལ་སླ་བ་དང་། སོ་རྙིལ་ནས་ཁྲག་དོན་པ་མ་ཟད། ད་དུང་སོ་བུད་བདེ་ལ་རྒས་སླ་པོ་ཡོད།

ཉལ་ཁར་གདོང་མི་འཁྲུད་པ།

    གདོང་གི་བྱུག་རྫས་དང་། ཐལ་རྡུལ། རྔུལ་ནག་སོགས་ཀྱིས་པགས་པར་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད་ལ། བ་སྤུའི་བུ་ག་སོགས་འགག་སྟེ་རྒས་མགྱོགས་པོ་ཡོད།

སྒྲོག་ཙེར་སྤུས་ཚད་ཡག་པོ་མེད་པའི་རས་འདིང་བ།

    སྤུས་ཚད་ཡག་པོ་མེད་པའི་རས་དག་གཙང་སྦྲ་བྱེད་དཀའ་ལ། ཁ་ཤས་ལ་དུག་ཤེད་ལྡན་པས། འདི་རིགས་ཡུན་རིང་བེད་སྤྱོད་བཏང་ཚེ་རྒྱུན་ནད་རང་བཞིན་གྱི་དུག་ཕོག་པའི་ཉེན་ཁ་ཤིན་ཏུ་ཆེ།

ར་བཟི་རྗེས་ཇ་གར་པོ་འཐུང་བ།

    ཇ་ལོར་ཀོག་ཧྥེའི་བུལ་རྒྱུ་ལྡན་ཡོད་པས། དེ་ཨ་རག་གི་ཉིང་ཁུ་དང་འདྲེས་ཚེ། མིའི་ལུས་པོར་གནོད་འཚེ་ཚབས་ཆེན་བཟོ་སྲིད་པས་མི་དེ་བས་རྒས་སླ་བ་ཡོད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།

ད་ཐེངས་ཀྱི་འདེམས་བསྐོ་ནི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིས་འདེམས་ཤོག་འཕེན་པ་དང་ས་གནས་ཀྲི་པུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་གྲུབ་པའི“ཁང་གཉིས་ཀྱི་གྲོས་མིའི་སྤྱི་ཁྱབ་ཚོགས་པའི”བྱ་ཐབས་སྤྱད་དེ་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་ཁྱོན་བསྡོམས་535ཡོད། དེའི་ཁྲོད་དུ་རྒྱལ་ཚོགས་གྲོས་མིའི་འདེམས་ཤོག་394ཡོད་པ་དང་། ས་གནས་ཀྱི་འདེམས་ཤོག་141ཡོད། འདེམས་བསྐོའི་གྲུབ་འབྲས་ལས་མངོན་གསལ། ཉིན་

中央广播电视总台 央广网 版权所有

ང་ཚོས་རྒས་སླ་བའི་གོམས་གཤིས་འདི་རིགས་སྤངས་ན་ལེགས།