ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཕྲུ་གུའི་ཕོ་བར་ནད་གཞི་ཕོག་ཏུ་འཇུག་པའི་བྱ་སྤྱོད་འདི་དག་སྤོངས།

2020-09-05 10:32:00     责编:卓玛才让

     རང་རྒྱལ་གྱི་འབྲེལ་ཡོད་དཔྱད་གཞིའི་བསྡོམས་རྩིས་ལྟར་ན། ཕྲུ་གུའི་ནང་གཞི་མང་པོའི་ནང་ནས་ཕོ་བའི་གཉན་ཚད་ཐོན་ཚད་བརྒྱ་ཆ་45ནས་བརྒྱ་ཆ་84ཟིན་པ་དང་། ཕྲུ་གུའི་ཕོ་བའི་གཉན་ཚད་ནི་བྱིས་པའི་འཇུ་བྱེད་མ་ལག་གི་ནད་རིགས་འབྱུང་སླ་བ་ཞིག་ཏུ་གྱུར་བ་ཤེས་ཐུབ། ཕྲུ་གུའི་ཕོ་བར་གནོད་པའི་བྱ་སྤྱོད་འདི་དག་ཁྱེད་རང་གི་བུ་ཕྲུག་སྟེང་དུ་ཐོན་ཉེན་ཆེ།

ཟས་མི་འཕྲོད་པ།

     ཕོ་བའི་ནད་བརྒྱ་ཆ་དགུ་བཅུ་དེ། ཟ་མའི་གནད་དོན་ནས་བྱུང་ཀྱིན་ཡོད། ཟས་རིགས་གྲང་མོ་ཟ་དྲགས་ན་ཕོ་བར་གནོད་པའི་རྒྱུ་རྐྱེན་གྱི་གྲས་ཤིག་ཡིན་པས། ཁྱིམ་བདག་གིས་བྱིས་པར་བཏུང་བྱ་གྲང་མོ་འཐུང་དུ་འཇུག་སྐབས་ངེས་པར་དུ་ཚོད་འཛིན་བྱེད་དགོས། བཏུང་བྱ་གྲང་མོ་ལས་གཞན། སུར་པན་དང་། ཚིག་ཇ། ཚ་བེར་ཟས་རིགས་སོགས་ཚང་མར་ཕོག་ཐུག་རང་བཞིན་ངེས་ཅན་ཞིག་ལྡན་པས། ཕོ་བའི་འབྱར་སྐྱི་ལ་རྨས་སྐྱོན་ཕོག་ནས་ཕོ་བ་སྨུག་པོའི་ནད་འཇུ་གི་ཡོད། ཞོར་ཟས་ཁྲོད་ཀྱི་སྦྱོར་རྟ་མི་ཉུང་བ་ཞིག་གིས་ཀྱང་། བྱིས་པའི་ཕོ་བའི་ཚོར་བྱེད་དབང་རྩའི་འཇུ་བྱེད་ཀྱི་ནུས་པར་འགལ་རྐྱེན་བཟོ་སྲིད།

     བྱིས་པའི་ཕོ་རྒྱུའི་བྱེད་ལས་ཆ་ཚང་མིན་པའི་གནས་ཚུལ་འོག ཕོ་བའི་རང་སྲུང་ནུས་པ་དེ་དར་མ་དང་བསྡུར་ན་ཧ་ཅང་གི་ཞན་པ་ཡོད་པས། ཁྱིམ་བདག་གིས་ཕྲུ་གུར་བཟའ་བཅའི་རིགས་ལ་སྟངས་འཛིན་ནན་པོ་བྱས་ཏེ། གདམ་ག་ཡོད་པའི་སྒོ་ནས་ཕྲུ་གུར་ལྟོ་སྟེར་དགོས།

ལྟོགས་འགྲངས་སྙོམས་པོ་མེད་པས་ཀྱང་ཕོ་བར་གནོད་སྲིད།

     གལ་ཏེ་རྔམ་ཟ་རྔམ་འཐུང་བྱས་ན། བྱིས་པའི་ཕོ་བ་ཧྲིལ་བོར་ལྡིང་བ་དང་། ཕོ་བའི་ལྡེབས་ངོས་རྒྱ་བསྐྱེད་དྲགས་ཏེ། ཕོ་བའི་རང་སྲུང་ནང་རྐྱེན་ལ་གནོད་པ་བཟོ་སླ་བ་ཡིན།

     ཕོ་བའི་གཤོང་ཚད་དང་འཇུ་བྱེད་མ་ལག་གི་འཐུས་ཚང་གི་ཚད་གཞིར་གཞིགས་ན། མི་དར་མ་དང་བྱིས་པའི་བཟའ་བཏུང་བསྡུ་ལེན་ཚད་གཞི་གཉིས་འདྲ་གི་མེད། ཁྱིམ་བདག་མི་ཉུང་བ་ཞིག་གིས་ཕྲུ་གུར་བཙན་གྱིས་བཟའ་རུ་འཇུག་རྒྱུར་དགའ་པོ་ཡོད། བྱེད་སྟངས་འདི་རིགས་ནི་ཡག་པོ་མིན། ཕྲུ་གུས་རྒྱགས་སོང་སྙམ་ན་བཟའ་རུ་འཇུག་དགོས་མེད། བྱིས་པས་རྔམ་ཟ་རྔམ་འཐུང་བྱེད་པ་དེ་ནི་སོ་ཡག་པོ་མ་བརྒྱབ་པར་མིད་གྱུར་བཏང་རྐྱེན་ཕོ་བས་འཇུ་ནུས་ལྕི་རུ་འགྲོ་སྲིད།

     ཕྱོགས་གཞན་ཞིག་ནས་གལ་ཏེ་རྒྱུན་དུ་ལྟོགས་པའི་སྣང་བ་ཁོ་ན་སྟེར་ཚེ། ཕོ་བའི་ནང་གི་ཕོ་བའི་གཤེར་ཁུའི་གར་ཚད་ཧ་ཅང་མཐོ་བ་དང་། ཚད་ངེས་ཅན་ཞིག་ཏུ་སླེབས་རྗེས། ཕོ་སྐྱུར་དང་སྤྲི་དཀར་རྩབས་སོགས་དངོས་པོ་འདི་དག་གིས། ཕོ་བའི་འབྱར་སྐྱི་འཇུ་ཞིང་ཕོ་ངོས་ལ་གནོད་པ་བཟོ་སྲིད་པ་དང་། ལྷག་པར་དུ་ཕྲུ་གུ་འཚར་ལོང་ཡོང་བའི་སྐབས། ལུས་པོའི་ནུས་རྩལ་གྲོང་ཁྱེར་འཛུགས་སྐྲུན་སྐྱེ་འཕེལ་ཡོང་བའི་སྐབས་དང་འཁེལ་བས། ངེས་པར་དུ་ལྟོགས་སུ་འཇུག་མི་རུང་། ད་ལྟ་དངོས་པོའི་ཆུ་ཚད་ཡག་ཏུ་ཕྱིན་པས། བྱིས་པ་མི་ཉུང་བ་ཞིག་ཤ་རྒྱགས་པ་ཆགས་བཞིན་ཡོད། ཁྱིམ་བདག་འགའ་ཤས་ཀྱིས་ཕྲུ་གུར་ཟས་ཚོད་འཛིན་བྱས་ཏེ་ལུས་ཤ་སྐམ་ཆེད་ཟས་བཟའ་རུ་འཇུག་གི་མེད། ཤ་རྒྱགས་པ་ནི་གནས་སྐབས་ཤིག་ཡིན་པ་དང་། བྱིས་པ་འཚར་ལོང་ཡོང་བའི་སྐབས་ལུས་པོ་བདེ་ཐང་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན། ཕྲུ་གུར་མང་པོ་ཞིག་ལམ་ཟུར་དུ་འཚོང་བཞིན་པའི་བཟའ་བཅའ་ཙག་ཙིག་བཟའ་རྒྱུར་དགའ་པོ་ཡོད། བཟའ་བཅའ་འདི་རིགས་ནི་ཐོན་སྐྱེད་ཚད་ལྡན་མིན་པ་མ་ཟད། གཙང་མ་མེད་པས་བཟའ་རྒྱུ་མེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། ཀུན་བཟང་དབང་པོ།

འཛམ་གླིང་སྐར་ཁུངས།

ཨ་རིའི་ཡུལ་མང་པོར་རིཊ་རྒྱུད་མཐོང་ཆུང་ལ་རྒོལ་བའི་བྱེད་སྒོ་སྤེལ་བ།

འདས་ཟིན་པའི་གཟའ་མཇུག་རིང་། ཅི་ནུའོ་ཧྲ་གྲོང་ཁྱེར་ཕུད། ཨ་ལེ་ཀེང་མངའ་སྡེའི་ཕོ་ཐེ་ལན་དང་དེ་བཞིན་དབྱི་ལི་ནུའོ་དབྱི་མངའ་སྡེའི་ཀྲེ་ཀ་ཀོ་རུའང་རིགས་རྒྱུད་ལ་མཐོང་ཆུང་དང་ཉེན་རྟོག་པས་དྲག་ཤུགས་ཁྲིམས་འཛིན་བྱས་པར་ངོ་རྒོལ་བྱེད་པའི་བྱེད་སྒོའང་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་རེད། སྤྱི་ཚེས་29ཉིན། ཨ་ལེ་ཀང་མངའ་སྡེའི་ཁེ་ལ་ཁ་མ་སི་རུ་མི་འགའ་ཤས་ཀྱིས་མི་རྒྱུད་ནག་པོའི་ཚེ་སྲོག་ཀྱང་ཚེ་སྲོག་ཡིན་ཞེས་པར་རྒོལ་གཏམ་གཏོང་བའི་བྱེད་སྒོའི་འདུ་འཛོམས་ཤིག་སྤེལ་ཡོད་

中央广播电视总台 央广网 版权所有

ཕྲུ་གུའི་ཕོ་བར་ནད་གཞི་ཕོག་ཏུ་འཇུག་པའི་བྱ་སྤྱོད་འདི་དག་སྤོངས།