ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ལུས་སྦྱོང་འདི་ལྟར་གནང་དང་། ཉིན་གང་གཟུགས་པོ་བདེ་པོ་འདུག

2020-08-18 09:47:00     责编:卓玛才让

   དེ་རིང་ངེད་སྐད་འཕྲིན་ཚོགས་པས་དྲ་གྲོགས་ལྷན་རྒྱས་ལ་གཟུགས་པོ་སྦྱོང་བརྡར་བྱེད་སྟངས་ཤིག་ངོ་སྤྲོད་ཞུ་རྒྱུ་ཡིན(གཤམ་དུ་འགུལ་རིས་ཡོད)  སྦྱོང་བརྡར་བྱེད་སྟངས་འདི་དག་གཅིག་ནས་སྦྱོང་སླ་ཞིང་ཡུལ་དུས་གང་དུའང་རྩེད་ཆོག་པ་དང་། གཉིས་ནས་དུས་ཚོད་ཐུང་ཐུང་ལས་འགོར་གྱི་མེད། གལ་སྲིད་འགུལ་རིས་འདི་དག་བཞིན་ཉིན་ལྟར་ཐེངས་རེ་རྩེ་རྒྱུ་རྒྱུན་འཁྱོངས་བྱས་ཚེ། ཁྱེད་ཀྱི་གཟུགས་པོ་སྔར་བས་བདེ་པོ་ཡོང་ངེས་རེད།

འགུལ་སྟངས་འདིས་གཟུགས་པོ་མཉེན་ཆ་དོད་དུ་གཏོང་བ་དང་། ཤ་སྐམ་དུ་གཏོང་ཐུབ་པ་མ་ཟད། རྩའང་གཤོང་ཐུབ་ཀྱི་ཡོད།

 

 

འགུལ་སྟངས་འདི་གཉིས་ཀྱིས་མཇིང་པ་ན་བ་སྔོན་འགོག་དང་དཔུང་པའི་ན་ཟུག་གཅོག་གི་ཡོད་ལ། ཡང་སྒོས་གྲུང་ཤ་དོད་དུའང་འགྲོ་ཐུབ། ལྷག་པར་དུ་ཉིན་གང་གློག་ཀླད་སྤྱོད་མཁན་ཚོས་འདི་ལྟར་མང་ཙམ་བྱས་ན། མཇིང་ཚིགས་ཀྱི་ནད་སོགས་ལ་སྔོན་འགོག་ངེས་ཅན་ཐུབ།

 

འགུལ་སྟངས་འདིས་གློ་སྙིང་གི་བྱེད་ནུས་ཆེ་རུ་འགྲོ་ཐུབ་པ་མ་ཟད། གཟུགས་པོ་མཉེན་ཆ་དོད་དུའང་འགྲོ་ཐུབ།

 

འགུལ་སྟངས་འདིས་མིག་གི་ངལ་དུབ་སེལ་ཐུབ་ཅིང་། ལྷག་པར་དུ་གློག་ཀླད་སྤྱོད་པ་དང་དེབ་ལྟ་རིང་། ཡག་ཤོས་བྱུང་ན་ཆུ་ཚོད་ཕྱེད་ཀ་ཙམ་ནས། འགུལ་སྟངས་འདི་ཐེངས་རེ་རྩེད་ན་ཕན་པ་ངེས་ཅན་ཐོན་གྱི་ཡོད།

 

 

འགུལ་སྟངས་འདིས་ཁྲག་འཁོར་རྒྱུག་ལ་སྐུལ་འདེད་དང་གཟུགས་པོ་ཡང་ཤ་དོད་དུ་གཏོང་ཐུབ།

 

འགུལ་སྟངས་འདིས་སྐེད་པའི་ཤུགས་ཆེ་རུ་འགྲོ་བ་དང་། རྐང་པའི་མཛུབ་མོར་སྦྱོང་བརྡར་ཐེབས་པ། གཟུགས་པོ་དོ་མཉམ་ཡོང་བ། དོན་ལྔ་སྣོད་དྲུག་གི་བྱེད་ནུས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་གྱི་ཡོད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ལུས་སྦྱོང་འདི་ལྟར་གནང་དང་། ཉིན་གང་གཟུགས་པོ་བདེ་པོ་འདུག