ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཁྱིམ་དུ་སྨན་ཉར་ཚཌ་བྱེད་སྐབས་ངེས་པར་དུ་འདི་དག་ལ་ཡིད་གཟབ་གནང་དགོས།

2020-08-13 15:52:00     责编:卓玛才让

        གཅིག སྨན་གྱི་ཁ་གཅོད་དམ་པོར་རྒྱག་པ་དང་སྐམ་སར་འཇོག་པ། འོད་མི་ཕོག་པར་བྱེད་པ། བསིལ་སར་འཇོག་པ་བཅས་ནི་སྨན་ཉར་ཚགས་བྱེད་སྐབས་ཡིད་གཟབ་བྱེད་དགོས་པའི་དོན་གནད་ཅིག་རེད། དེའི་རྒྱུ་མཚན་ནི་མཁའ་རླུང་རྒྱུ་སར་བཞག་སྟེ་འོད་ཕོག་ན། སྨན་གྱི་ངོ་བོ་འགྱུར་བ་དང་སྨན་ནུས་ཡལ་བ་སོགས་ཀྱི་སྣང་ཚུལ་ཐོན་སྲིད། དེ་བས་སྨན་ཟས་མ་ཐག་མྱུར་དུ་ཁ་དམ་པོར་རྒྱག་དགོས། ཤོག་ཐུམ་དུ་བླུགས་པའི་སྨན་ཡིན་ཚེ། རིགས་དབྱེ་ནས་ཤེལ་དམ་ནང་དུ་བླུགས་ཏེ་ཁ་དམ་པོར་རྒྱག་དགོས།

        གཉིས། སྨན་བླུགས་སའི་ཤེལ་དམ་དང་སྒམ་ཆུང་སྟེང་སྨན་གྱི་མིང་དང་ཕན་ནུས། བཟའ་སྟངས་སོགས་གསལ་པོར་བྲིས་ན། སྨན་ཟ་སྐབས་དེ་བས་སྟབས་བདེ་པོ་ཡོད།

        གསུམ། རྒྱུན་དུ་སྨན་གྱི་གོ་ཆོད་དུས་ཡུན་ལ་བལྟས་ནས་སྨན་གྱི་དུས་ཚོད་ཡོད་མེད་ལ་ཡིད་གཟབ་བྱེད་དགོས། གལ་ཏེ་སྨན་གྱི་དུས་ཚོད་ཡོལ་ནས། སྨན་གྱི་ཁ་དོག་འགྱུར་བ་དང་སོབ་སོབ་ཆགས་པ། སྤྱིན་ཐུམ་འབྱར་བ། འབུས་བཟས་པ། རུལ་བ་སོགས་མཐོང་ཚེ་གཏན་ནས་ཟ་མི་རུང་།

        བཞི། རྒྱུན་དུ་བྱིས་པ་དང་སྨྱོ་ནད་ཡོད་པའི་མིས་མི་རེག་སར་འཇོག་དགོས། དེ་ལྟར་མ་བྱས་ཚེ་ཉེན་ཁ་འབྱུང་སྲིད། འཐུང་སྨན་དང་བྱུགས་སྨན་ངེས་པར་དུ་སོ་སོར་ཉར་ཚགས་བྱེད་དགོས་པ་ལས་མཉམ་དུ་འཇོག་མི་རུང་། ཁྱིམ་ཚང་ནང་སྤྱོད་པའི་དུག་སེལ་སྨན་དང་ཞིང་སྨན། དུག་སྦྲང་དང་བྱི་བ་གསོད་པའི་སྨན་སོགས་མིས་ཟ་བའི་སྨན་དང་མཉམ་དུ་ཉར་ཚགས་བྱེད་མི་རུང་།

    ལྔ། གཤེར་ཁུའི་རིགས་ཀྱི་སྨན་ཡིན་ཚེ་སྨན་གྱི་གསལ་བཤད་ཐོག་འཁོད་པའི་དྲོད་ཚད་གཞིར་བཟུང་ཉར་ཚགས་བྱེད་དགོས་ལ། རབ་བྱུང་ན་དྲོད་ཚད་ཏུའུ་གཉིས་ནས་བཅུ་བར་ཡིན་པའི་འཁྱག་སྒམ་ནང་དུ་བཞག་ན་ཡག་པོ་ཡོད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ཁྱིམ་དུ་སྨན་ཉར་ཚཌ་བྱེད་སྐབས་ངེས་པར་དུ་འདི་དག་ལ་ཡིད་གཟབ་གནང་དགོས།