ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

སྐད་ཆ་བཤད་རྒྱུར་དགའ་ན་ཚེ་ཐག་རིང་།

2020-06-23 16:45:00     责编:卓玛才让

སྐད་ཆ་བཤད་རྒྱུར་དགའ་ན་ཚེ་ཐག་རིང་།

   རྒན་པ་ཁ་ཤས་ཤིག་སྐད་ཆ་བཤད་རྒྱུར་ཧ་ཅང་དགའ་བ་རེད། གལ་ཏེ་ཁྱེད་ཚང་གི་རྒན་པ་ཡང་སྐད་ཆ་བཤད་རྒྱུར་དགའ་ན། ཁྱེད་རང་དགའ་ན་འགྲིག་སྟེ། རྒྱུ་མཚན་ནི་སྐད་ཆ་བཤད་རྒྱུར་དགའ་བ་ནི་སེམས་ཁམས་བདེ་ཐང་དང་བློ་རིག་གསལ་པོ་ཡིན་པའི་རྟགས་ཡིན་པས། སྐད་ཆ་བཤད་རྒྱུར་དགའ་བའི་རྒན་པ་རྣམས་ཚེ་ཐག་རིང་པོ་ཡོང་བ་རེད།

   སྐད་ཆ་མང་དུ་བཤད་ན་སེམས་ཁམས་བདེ་ཐང་ཡོང་བར་ཕན།གལ་ཏེ་རྒན་པ་རྣམས་སྐད་ཆ་བཤད་རྒྱུར་མི་དགའ་བ་དང་། སེམས་ཀྱི་སྡུག་བསྔལ་ཡོངས་རྫོགས་ཁོག་ཏུ་བཅུག་ནས་ཡུན་རིང་འགོར་ན།དབང་རྩའི་མ་ལག་གི་འགོག་སྲུང་བྱེད་ནུས་དང་དོན་སྣོད་བྱེད་ནུས་དོ་མཉམ་མི་ཡོང་བར། ཁྲག་ཤེད་མཐོ་བའི་ནད་དང་ཀླད་པའི་འཕར་རྩ་སྲ་འགྱུར། སྙིང་གཟེར། ཀླད་པའི་འབྲས་སྐྲན་སོགས་ནད་རིགས་སྣ་ཚོགས་འབྱུང་བ་རེད།

   གལ་ཏེ་སེམས་ཀྱི་སྡུག་བསྔལ་ཡོངས་རྫོགས་ནང་དོན་གསལ་བའི་སྐད་ཆའི་ལམ་ནས་ཕྱིར་བརྗོད་ན། སེམས་ཁོང་གི་གནོན་ཤུགས་ཕྱི་རུ་ཕུད་པ་དང་མི་བདེ་བའི་སྣང་བ་འདོར་བར་ཕན་པ་ཡོད་ལ།ཡི་མུག་པའི་སེམས་ཁམས་རྣམས་སྐད་ཆའི་ལམ་ནས་ཕྱིར་བརྗོད་ཟིན་པས། རྒན་པའི་ལུས་སེམས་བདེ་ཐང་ཡོང་བར་ཕན་པ་ཧ་ཅང་ཆེ།

   སྐད་ཆ་མང་དུ་བཤད་པ་ནི་རྒན་པ་དག་ཕྱི་རོལ་གྱི་མི་དང་འབྲེལ་འདྲིས་བྱེད་འདོད་ཡོད་པའི་རྟགས་ཡིན་པ་དང་། ཕྱི་རོལ་གྱི་འཇིག་རྟེན་དང་རིང་དུ་མི་བཀྱེད་པར་ཕན་པས། སེམས་ཁམས་བདེ་ཐང་ཡོང་བའི་ཐད་ཕན་པ་ཆེན་པོ་ཡོད།

  སྐད་ཆ་མང་དུ་བཤད་ན་བློ་རིག་གསལ་པོ་ཡོང་བར་ཕན། རྒན་པ་རྣམས་ཀྱིས་སྐད་ཆ་བཤད་སྐབས།རྒྱུན་དུ་དོན་དག་གཅིག་ཡང་ནས་བསྐྱར་དུ་བཤད་པ་ཡིན་པས། དྲན་ཤེས་ཇེ་ལེགས་སུ་འགྲོ་བར་ཕན་པ་ཡོད།

   སྐད་ཆ་བཤད་སྐབས་བསམ་བློ་ངེས་ཅན་ཞིག་གཏོང་དགོས་པས།སྐད་ཆ་མང་དུ་བཤད་ན་ཀླད་པའི་ཕྲ་ཕུང་ལ་ཕོག་ཐུག་བཏང་ནས། ཀླད་པ་ཧུར་པོར་གཏོང་བ་དང་ངར་ལངས་སུ་འཇུག་པ་དང་། ཀླད་པའི་རྒས་ཚད་ཇེ་དལ་དུ་འགྲོ་བ་རེད།གལ་ཏེ་སྐད་ཆ་བཤད་ཚད་ཉུང་ན།སྐད་ཆ་བཤད་པའི་བྱེད་ནུས་ཇེ་དམའ་རུ་སོང་ནས། ཀླད་པ་རྒྱུན་ལྡན་སྒོས་འཁོར་སྐྱོད་བྱེད་པར་མི་ཕན་ནོ། །

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

中央广播电视总台 央广网 版权所有

སྐད་ཆ་བཤད་རྒྱུར་དགའ་ན་ཚེ་ཐག་རིང་།

སྐད་ཆ་བཤད་རྒྱུར་དགའ་ན་ཚེ་ཐག་རིང་།