ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ནམ་དུས་འདིར་ཤིང་ཏོག་འདི་རིགས་མང་ཙམ་མཆོད་དང་། ཚ་གདུག་སེལ་བ་མ་ཟད…

2020-06-23 16:41:00     责编:卓玛才让

ཤིས་ཀྭ —ཚ་གདུག་དང་སྐོམ་པ་སེལ།

    ཀྲུང་ལུགས་གསོ་རིག་ཏུ་ཤིས་ཀྭ་ལཚ་བ་གཅོག་པའི་ཁུ་བཞེས་འབོད་ཅིང་། དེའི་རོ་མངར་ཞིང་རང་བཞིན་གྲང་བས། ཚ་བ་དང་སྐོམ་པ་སེལ་གྱི་ཡོད། གསོ་རིག་ཞིབ་འཇུག་ལས་ཤིས་ཀྭ་བཟས་ན་གཅིན་པ་འབབ་པ་དང་། དང་ཁ་འབྱེད་པ། གཟུགས་པོའི་རྙིང་ཚབ་གསར་བརྗེར་སྐུལ་བའི་ནུས་པ་ལྡན་པ་མངོན་ཡོད།

ཁམ་བུ —གཙོག་པ་གཤོང་བ་དང་སྐོམ་པ་སེལ་བ།

    ཀྲུང་ལུགས་གསོ་རིག་གི་ངོས་ནས་བརྗོད་ན། ཁམ་བུའི་བྲོ་བ་མངར་ལ་སྐྱུར་བ་དང་། དེར་གཙོག་པ་གཤོང་བ་དང་སྐོམ་པ་སེལ་བའི་ནུས་པ་ལྡན་པས་མ་ཚད། འཚོ་བཅུད་འདུས་ཚད་ཀྱང་ཀུ་ཤུ་དང་ལི་ལས་ལྡབ་ཁ་ཤས་ཀྱིས་མང་བ་ཡོད།

ཨ་མྲ —ཕོ་བར་ཕན་ནས་སྐྱུག་མེར་འཇགས་པ་དང་སྐོམ་པ་བསལ་ནས་གཅིན་པ་འབེབས་པ།

    “ཚ་ཁུལ་གྱི་ཤིང་ཏོག་རྒྱལ་པོཞེས་འབོད་པའི་ཤིང་ཏོག་འདིར་ཁུ་བ་མང་ལ་རོ་མངར་བས། སྐྱུག་མེར་འཇགས་པ་དང་། སྐོམ་པ་སེལ་བ། གཅིན་པ་འབབ་བདེ་བ་བཅས་ཀྱི་ཕན་ནུས་ལྡན་ལ་མིའི་ལུས་པོའི་སྐྱི་པགས་དང་། མིག མཆིན་པ་བཅས་ལ་ཕན་གྱི་ཡོད།

ཤིང་ཏོག་ལི་ཙི —ཟས་འཇུ་བར་ཕན་ལ་ན་སོ་རྒ་བར་འགོག་པ།

    བྲོ་བ་སྐྱུར་བའི་ཤིང་ཏོག་ལི་ཙི་དང་དབྱང་མེ་སོགས་ཀྱིས་འཇུ་བྱེད་མ་ལག་ལ་སྐུལ་བས། ཕོ་བ་དང་རྒྱུ་མས་ཟས་འཇུ་བར་ཕན་པ་དང་འཇུ་བྱེད་མ་ལག་ཞན་པ་ཚོས་བཟས་ན་ཤིན་ཏུ་འཚམ། ཤིང་ཏོག་དེ་རིགས་ལ་འཚོ་བཅུད་Cམང་པོ་འདུས་པས། ནད་འགོག་གི་ནུས་པ་ལྡན་ཡོད།

སེའུ —ཁྲག་དམར་སྤྲི་དཀར་བསྐྱར་སྐྱེས་ལ་སྐུལ་བ།

    སེའུ་ལ་ཐཱན་ཆུ་འདྲེས་འགྱུར་དངོས་པོ་དང་། སྤྲི་དཀར། འཚོ་བཅུད་ཀལ་དང་། ལིན། ལྕགས་སོགས་མང་པོ་འདུས་ཡོད། ལྷག་པར་དུ་ལྕགས་ཀྱི་འདུས་ཚད་ནི། ཁེ་བརྒྱ་རེར་ཧའོ་ཁེ་6ནས་8བར་ཡོད་པས་ཀུ་ཤུ་དང་། ཚ་ལུ་མ། ལི་ལས་ལྡབ་20ནས་30ཡིས་མང་བ་ཡོད། འཚོ་བཅུད་aཡི་འདུས་ཚད་ཀུ་ཤུ་དང་ཚ་ལུ་མ། རྒུན་འབྲུམ་ལས་ལྡབ་4ནས་5ཡིས་མཐོ་བ་ཡོད་པས། ཤིང་ཏོག་འདི་བཟས་ན་ཁྲག་དམར་སྤྲི་དཀར་བསྐྱར་སྐྱེས་དང་འབྲས་སྐྲན་འགོག་ཐུབ་པའི་ནུས་པ་ལྡན།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ནམ་དུས་འདིར་ཤིང་ཏོག་འདི་རིགས་མང་ཙམ་མཆོད་དང་།