ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨེ་ཅེབ་ཀྱི་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

2021-02-23 14:53:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་22ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅེབ་ཀྱི་ཙུང་ཐུང་སའེ་ཞི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། ཨེ་ཅེབ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཨ་རབ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་པོ་དེ་ཡིན་ཞིང་། ཀྲུང་ཨེའི་འབྲེལ་བ་ནི་ཀྲུང་ཨ་དང་ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་ཞིག་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨེ་ཅེབ་དེ་ཉིད་ཀྲུང་གོའི་ཕྱི་འབྲེལ་འབྲེལ་བའི་ཁྱོན་ཡོངས་ཀྱི་གནས་བབ་གལ་ཆེ་སར་འཇོག་གི་ཡོད་པ་དང་། ཨེ་ཅེབ་ཀྱི་ཡིད་རྟོན་རུང་བའི་གྲོགས་པོ་དང་རོགས་ཟླ་ཞིག་ཡིན། ཀྲུང་གོས་ཨེ་ཅེབ་ཕྱོགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཨེ་ཅེབ་མི་དམངས་ནས་རང་རྒྱལ་ཁབ་དང་འཚམས་པའི་གོང་འཕེལ་གྱི་ལམ་བུའི་ཐོག་ཏུ་སྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོའི་ཕྱོགས་ནས་ཨེ་ཅེབ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་སྲ་བརྟན་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་བདེན་དྲང་གཞག་ལ་ཐུན་མོང་ཐོག་སྲུང་སྐྱོབ་བྱ་འདོད་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། ཀྲུང་ཨེ་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཛ་དྲག་རོགས་སྐྱོབ་དངོས་རྫས་མཁོ་འདོན་བྱེད་རེས་བྱས་པ་དེའི་ཐོག་ནས་དཀའ་སྡུག་མྱོང་དུས་ཟོལ་མེད་བསམ་པ་མངོན་པ་གང་ལེགས་མཚོན་ཡོད། ཀྲུང་གོའི་ཕྱོགས་ནས་ཨེ་ཅེབ་ཕྱོགས་དང་ལྷན་དུ་རིམས་འགོག་སྨན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རིམས་འགོག་ཐད་མཐུན་སྒྲིལ་བྱེད་པར་རྒྱབ་སྐྱོར་གྱིས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་ཨེའི་དངོས་གཉེར་མཉམ་ལས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསད་དེ་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། མཉམ་ལས་རྣམ་གྲངས་གལ་ཆེ་རིགས་ལ་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཁྲིམས་འཛིན་བདེ་འཇགས་དང་མཁའ་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རིམ་ཡག་པོ་ཐོན་ཡོད། ཀྲུང་ཨེ་རྒྱལ་ཁབ་གཉིས་པོས་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ལག་གདང་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨེ་ཅེབ་ཏུ་མ་འཇོག་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨེ་ཅེབ་ཕྱོགས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ཐོན་ནུས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། ཀྲུང་གོ་དང་ཨེ་ཅེབ་ཀྱི་ཁྱོན་ཡངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

སའེ་ཞི་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཁོང་གིས། ད་ལོ་ནི་ཨེ་ཅེབ་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་65འཁོར་བའི་ལོ་རེད། ཨེ་ཅེབ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བཤེས་འབྲེལ་བ་ཧ་ཅང་ཟབ་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ལ་མཛའ་མཐུན་ཡིན། རྒྱལ་སྤྱིའི་བྱ་དོན་ཁྲོད་མཉམ་ལས་ཚགས་དམ་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཨེ་ཅེབ་ཕྱོགས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོས་ཤང་ཀང་དང་། ཤིན་ཅང་། ཐའེ་ཝན་སོགས་དང་འབྲེལ་བའི་གནད་དོན་ཐད་འཛིན་པའི་རྩ་དོན་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གཅིག་གྱུར་བཅས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། འགྲོ་བ་མིའི་ཐོབ་ཐང་ཞེས་པར་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨེ་ཅེབ་ཕྱོགས་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨེ་ཅེབ་ཏུ་མ་འཇོག་དང་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཨེ་ཅེབ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཡག་ཏུ་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁ་གླིང་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་པར་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་དང་མུ་མཐུད་དེ་རིམས་འགོག་སྨན་གྱི་མཉམ་ལས་ཐད་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱ་མཚོ།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཨེ་ཅེབ་ཀྱི་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

ཞི་ཅིན་ཕིང་གིས། ཨེ་ཅེབ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ཨ་རབ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་པོ་དེ་ཡིན་ཞིང་། ཀྲུང་ཨེའི་འབྲེལ་བ་ནི་ཀྲུང་ཨ་དང་ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་ཞིག་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨེ་ཅེབ་དེ་ཉིད་ཀྲུང་གོའི་ཕྱི་འབྲེལ་འབྲེལ་བའི་ཁྱོན་ཡོངས་ཀྱི་གནས་བབ་གལ་ཆེ་ས