ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་བཀྲ་ཕ་ལུའོ་ཧྥུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

2021-02-23 14:48:00     责编:sangjzm

སྤྱི་ཚེས་22ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་བཀྲ་ཕ་ལུའོ་ཧྥུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་29སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བས་རྒྱལ་སྤྱིའི་གློ་བུར་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ། རྒྱལ་སྤྱིའི་བྱ་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ཡོད། ཀྲུང་གོའི་ཕྱོགས་ནས་ཅིར་ཅི་སི་སི་ཐན་བརྟན་པོའི་ངང་འཕེལ་རྒྱས་ཡོང་བ་དང་། ཅིར་ཅི་སི་སི་ཐན་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ། ཅིར་ཅི་སི་སི་ཐན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། བདེ་འཇགས་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཡང་དག་ཆུད་པ་བྱས་ནས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་ཕྱོགས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་བཞིན་ཡོད་པ་དང་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད། དེས་ཅིར་ཅི་སི་སི་ཐན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་བས་མང་བ་ཐོབ་རྒྱུ་རེད། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱིས་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་། མཉམ་སྦྲེལ་མཉམ་མཐུད། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། མཉམ་ལས་རྣམ་གྲངས་གལ་ཆེན་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཅིར་ཅི་སི་སི་ཐན་དུ་མ་འཇོག་ལས་དར་བྱེད་པར་སྐྱོད་རྒྱུར་སྐུལ་མ་གཏོང་རྒྱུ་དང་། ཅིར་ཅི་སི་སི་ཐན་གྱིས་སྤུས་ལེགས་ཞིང་ལས་ཐོན་རྫས་སོགས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དགའ་བསུ་བཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་ས་ཁུལ་དེ་གའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ནས་རིམས་འགོག་སྨན་ཁབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་ནན་གསུངས་གནང་ཡོད།

བཀྲ་ཕ་ལུའོ་ཧྥུས། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ནས་ཅིར་ཅི་སི་སི་ཐན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་རྩ་ཆེའི་རོགས་རམ་གནང་བ་མ་ཟད། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པར་ཟོལ་མེད་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་རྒྱུ་ཡིན། ཀྲུང་གོ་ནི་ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ནམ་ཡང་བློས་འགེལ་ཆོག་པའི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཤང་ཀང་དང་། ཤིན་ཅང་། ཐའེ་ཝན་བཅས་དང་འབྲེལ་བ་ཡོད་པ་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་ཞུས་ནས། ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཅིར་ཅི་སི་སི་ཐན་དུ་མ་འཇོག་བྱེད་པར་སྐྱོད་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ལྕགས་ལམ་སོགས་རྣམ་གྲངས་ཆེན་མོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་རིང་བའི་གོང་ཏ་ཝོ་སིའི་གྲོས་རིམ་གྱི་གླེང་མོལ་གྲོས་ཚོགས་ཐོག་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་སྐྲུན་རྒྱུའི་ཐད་བཏོན་པའི་གྲོས་འགོ་དང་བཞེད་དགོངས་གལ་འགངས་ཧ་ཅང་ཆེན་པོ་ཡིན་ཞིང་། དེར་མིག་སྔའི་དུས་བབ་འོག་དམིགས་བསལ་དོན་དངོས་ཀྱི་དོན་སྙིང་ལྡན་ཡོད།

ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྟོབས་ཆེའི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་བཀྲ་ཕ་ལུའོ་ཧྥུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་29སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བས་རྒྱལ་སྤྱིའི་གློ་བུར་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པར