ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དེར་ལན་ཆ་བཟང་པོ་བྱུང་འདུག

2021-02-22 10:53:00     责编:卓玛才让

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་པ་རྟོགས་པ། བྱ་བ་དངོས་སྒྲུབ་པ། འགོ་གསར་པ་འཛུགས་པ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་ཡོད་པ་དང་། ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཞིང་། རྩ་བའི་གཞི་འཛིན་ས་མཁོ་འདོན་མཛད་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

ལོ་ངོ་སྟོང་གི་རླབས་ཆེའི་བྱ་གཞག་གིས། མགྲིན་པ་བཏེགས་ཏེ་ལོ་བརྒྱའི་འཁྲུངས་སྐར་བསུ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བར་རྟེན་འབྲེལ་ཞུ་བའི་གལ་ཆེའི་དུས་མཚམས་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩའི་མཚམས་སུ། ཏང་ཡོངས་སུ་གཅིག་བསྡུས་ཐོག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་དུས་ལ་འཁེལ་བ་ཞིག་དང་དགོས་གལ་ཆེན་པོ་ཞིག་རེད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལི་དབྱང་གིས། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་ཡིན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཤིག་ཡིན་པའི་ངོས་ནས། ང་ཚོས་ལོ་རྒྱུས་ལ་སློབ་སྦྱོང་དང་བྱ་སྤྱོད་དངོས་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་སློབ་གསོ་གཏོང་བ་དང་། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་འཕེལ་རིམ་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན། དེ་བཞིན་རྩ་ཆེའི་བསམ་པའི་རྒྱུ་ནོར་བཅས་ལས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་དང་འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྒྲིག་ཁྲིམས་ལྟ་སྐུལ་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

རི་ཀླུང་ནི་མི་དམངས་ལ་བདག་པ་དང་། མི་དམངས་ནི་རི་ཀླུང་ལ་བདག་པ་ཡིན། མི་སེམས་དང་མཐུན་མིན་དེ་ཏང་གི་འཆི་གསོན་དང་འབྲེལ་བ་ཡོད། ཀྲེ་ཅང་ཞིང་ཆེན་ཅ་ཞིང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་ལིང་ཧྥེ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཞུས་ཏེ། སྔ་བར་ཕྱི་གསུམ་དུ་མི་དམངས་སེམས་དབུས་སུ་འཇོག་པ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་དེ་འབད་འཐབ་ཀྱི་དམིགས་འབེན་དུ་འཛིན་རྒྱུ་ཡིན་ཞེས་གསུངས་ཡོད།

ཏང་ཡོངས་ཀྱིས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས། གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་བྱེད་དགོས། ཅང་ཞི་ཀན་ཀྲོའུ་ཡུས་ཏུའུ་རུ་གནས་པའི་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་རྡོག་ཐོན་དྲན་གསོ་ཁང་དུ། དངོས་རྫས་རེ་རེའི་ཐོག་ཏུ་མི་སེམས་འགུལ་བའི་ཏང་གི་ལོ་རྒྱུས་གཏམ་རྒྱུད་རེ་བསྡུས་ཡོད་ཅིང་། དེ་དག་ལས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བརྩོན་ལེན་བྱེད་པའི་ལྷད་མེད་ལྷག་བསམ་མཚོན་གྱི་ཡོད། དེ་གར་ལོ18རིང་འགྲེལ་བརྗོད་པ་གནང་མྱོང་བའི་དམར་དམག་གི་རྗེས་རབས་པ་ཞའོ་ཐིང་ཐིང་གིས། ཏང་གི་ལོ་རྒྱུས་དྲིལ་བསྒྲགས་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ངས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་ཡག་པོ་ཞུ་བ་དང་། ཏང་གི་ལོ་རྒྱུས་ཡག་པོ་གླེང་རྒྱུར་སྣེ་ཁྲིད་བྱས་ཐོག ཏང་གི་གཏམ་རྒྱུད་དང་། གཟི་བརྗིད་ལྡན་པའི་སྲོལ་རྒྱུན། སྤྱོད་ཚུལ་བཟང་པོ་བཅས་འགྲེལ་བརྗོད་ཡག་པོ་བྱས་པ་བརྒྱུད། མི་དེ་བས་མང་བས་ཏང་གི་ལོ་རྒྱུས་ཁྲོད་ནས་བསམ་པའི་སྟོབས་ཤུགས་བསྡུ་ལེན་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་སུའུ་ཁུལ་གྱི་སྙིང་སྟོབས་ཁྲོད་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་རྟོགས་པ་བྱས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཉམས་མྱོང་ཕྱོགས་བསྡོམས་དང་། དོན་དངོས་དང་བལྟ་བསྡུར། ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་དང་ཟུང་འབྲེལ་བྱེད་པ་དང་། དོན་དངོས་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱ་དགོས་ཞེས་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ཧོང་ལིང་རྫོང་སོ་ལོ་ཝན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁེ་ཞའོ་ཧའེ་ཡིས། ཡན་ཨན་གྱི་གུན་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས། ང་ཚོས་ངེས་པར་དུ་ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པ་དང་། ལྷག་པར་དུ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཐད། རང་རེའི་ཏང་གི་སྲིད་ཇུས་བཟང་པོ་ལག་བསྟར་བྱེད་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན། ང་ཚོར་སྐྱེལ་འདྲེན་ཀུང་སི་དང་ལས་གྲྭའི་ཀུང་སི་ཡོད་པས། གྲོང་གསེབ་དར་རྒྱས་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་སྟེ་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་འབད་འཐབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་སྔོན་ཐོན་མི་སྒེར། ཨན་ཧུའེ་ཧོང་ཧྲན་གྲོང་ཁྱེར་དབྱི་རྫོང་པི་དབྱང་གྲོང་རྡལ་ཧྥེང་ཝུའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ། གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་ཧུའུ་ཧུང་ཧུའེ་ཡིས། དབུལ་ཞྭ་ཕུད་པ་དེ་མཐར་ཐུག་གི་དམིགས་འབེན་མ་ཡིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཞིག་རེད། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཞང་ཧྥེ་དང་སྣུམ་ཇ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་བ་དང་། དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་བཅས་བྱས་ཏེ། རིམ་བཞིན་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དེར་ལན་ཆ་བཟང་པོ་བྱུང་འདུག