ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པར་ལས་དོན་འདི་འདྲ་བསྒྲུབ་དགོས།

2021-01-09 16:15:00     责编:sangjzm

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་ངེས་པར་དུ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་ཐབས་དེ་བས་ནུས་ལྡན་དང་སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྡུད་ཀྱིས་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་འཚོགས་པའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཐོབ་རྗེས་གྲོང་གསེབ་དར་རྒྱས་ཡོང་བ་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། དེ་ནི་ཞིང་གསུམ་ལས་དོན་གྱི་གཙོ་གནད་དེའི་ལོ་རྒྱུས་རང་བཞིན་གྱི་བརྗེ་སྒྱུར་ཞིག་རེད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་གཏིང་ཚད་དང་། ཁྱབ་ཚད། དཀའ་ཚད་བཅས་ཚང་མ་དབུལ་སྒྲོལ་འགག་གཏོར་ལས་ཆུང་བ་མེད་པས། ངེས་པར་དུ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་ཐབས་དེ་བས་ནུས་ལྡན་དང་སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྡུད་ཀྱིས་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།

གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་སྤེལ་བ་ནི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་བྱེད་པའི་ཁྲོད་ཀྱི་ཞན་ཆ་གསབ་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། གློག་གནོན་དམའ་དྲགས་པ་དང་དགོས་དུས་སྐྱོན་ཤོར་བ་སོགས་གྲོང་གསེབ་ཀྱི་གློག་སྤྱོད་དཀའ་ཚེགས་གནད་དོན་ལ་དམིགས་ཏེ། ཐན་ཅིན་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། རྡོ་སོལ་ནས་གློག་ལ་སྒྱུར་བའི་ཆ་སྦྱོར་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། རྒྱལ་ཁབ་གློག་དྲ་ཐན་ཅིན་གྲོང་ནུབ་གློག་འདོན་ཀུང་སིའི་ཚོང་གཉེར་པུའི་ཀྲུའུ་རེན་གཞོན་པ་ཐན་ཁྲའོ་ཡིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཀུན་ཕན་རང་བཞིན་དང་། མཐིལ་སྐྱོར་རང་བཞིན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། གོམ་སྟབས་རྗེས་མར་ང་ཚོས་གྲོང་གསེབ་ཀྱི་གློག་རླངས་ཅན་མཐོར་གཏོང་ལས་གཞི་ལག་བསྟར་བྱེད་པ་དང་ཆབས་ཅིག གྲོང་གསེབ་ཀྱི་གློག་དྲ་བརྟན་པོའི་ངང་འཁོར་སྐྱོད་དང་དཔྱིད་རྨོད་གློག་སྤྱོད་ཐད་བློས་འགེལ་ཆོག་པའི་མཁོ་སྤྲོད་བྱ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས། གྲོང་མིའི་འཚོ་བ་དང་ཞིང་ལས་འཕེལ་རྒྱས་ལ་མཁོ་བའི་གློག་སྔོན་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཧུའུ་པེ་ཞིང་ཆེན་དུ་མིག་སྔར་སྲིད་འཛིན་གྲོང་ཚོ་76%ལ་མྱུར་སྐྱེལ་ཐད་འཇོག་གྲོང་ཚོར་མངོན་གྱུར་བྱུང་ཡོད་པ་དང་། འདི་ལོ་མྱུར་སྐྱེལ་གྲོང་ཚོར་ཁྱབ་གདལ་གཏོང་རྒྱུའི་ལས་གཞིར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ་རེད།

ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སུའུ་ཡུས་ཆུས་ཀྱིས་སྒྱུར་བཀོད་དང་གསར་སྐྲུན་བྱས་པའི་ཤང་དང་གྲོང་རྡལ་གྱི་གད་སྙིགས་བར་སྒྱུར་ས་ཚིགས་བརྒྱུད་ནས། གད་སྙིགས་རིགས་དབྱེའི་ས་ཚིགས་མང་དུ་བཏང་བ་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ལ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཐོག་ནས་དོ་དམ་བྱ་རྒྱུ་རིམ་བཞིན་མངོན་འགྱུར་བྱུང་ཡོད།

ཀྲེ་ཅང་ཞིང་ཆེན་ཡུང་ཁང་གྲོང་ཁྱེར་ཀྲའུ་ཧྲན་གྲོང་རྡལ་ཏོན་ཡན་གྲོང་ཚོ་དང་ཀྲའུ་སན་གྲོང་ཚོ་སོགས་སུ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་སེལ་མཐའ་སྣེ་དང་གྲོང་གསེབ་ཀྱི་རྒྱུན་ལྡན་མིན་པའི་ཆུའི་རིག་ནུས་ཆུ་འདྲེན་ལག་རྩལ་ཟུང་དུ་འབྲེལ་བའི་རིག་ལྡན་འབུད་བཤངས་ཉུང་གཏོང་མ་ལག་བཙུགས་པར་མིག་སྔར་ཕན་འབྲས་རགས་ཙམ་ཐོན་ཡོད།

ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་གི་ཀྲུའུ་རེན། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཐང་རེན་ཅན་གྱིས། གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་དེ་ཞིབ་ཕྲའི་ལས་གཞིའི་རྣམ་གྲངས་ཐོག་དོན་འཁྱོལ་ཐུབ་པ་བྱེད་དགོས་པ་དང་། དངུལ་སྨར་གྱི་རྒྱབ་སྐྱོར་ཐོག་ནས་མངོན་དགོས། ཐོན་ཁུངས་གཅིག་སྡུད་དང་གཅིག་སྡུད་འཛུགས་སྐྲུན་བྱས་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་བརྩོན་ལེན་བྱས་ཏེ། གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ། གྲོང་ཚོའི་འགྲོ་ལམ་དང་། གྲོང་གསེབ་ཀྱི་ཆུ་མཁོ་འདོན་བདེ་འཇགས། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲའི་རིམ་སྤོར་སྒྱུར་བཀོད། གྲོང་གསེབ་ཀྱི་ཟོག་འགྲེམས་མ་ལག་འཛུགས་སྐྲུན། གྲོང་གསེབ་ཀྱི་སྡོད་ཁང་སྤུས་ཚད་མཐོར་གཏོང་སོགས་ཀྱི་ལས་གྲྭའི་རྣམ་གྲངས་ཁག་གཅིག་ལག་བསྟར་བྱ་རྒྱུ་དང་། ས་གནས་ཁག་གིས་ཀྱང་རྣམ་གྲངས་འཛུགས་སྐྲུན་ལ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་ནས། མཁྲེགས་ཆས་ཐད་དམ་དོན་བྱ་རྒྱུ་མ་ཟད། མཉེན་ཆས་ཀྱང་ཤུགས་ཆེར་གཏོང་རྒྱུ་ཡིན་པ་དང་། གཙོ་བོ་གྲོང་གསེབ་ཀྱི་དཔལ་ཡོན་དང་བཅོས་སྐྱོང་ལ་ཕན་འབྲས་ཐོན་པ་བྱ་དགོས་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པར་ལས་དོན་འདི་འདྲ་བསྒྲུབ་དགོས།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་འཚོགས་པའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཐོབ་རྗེས་གྲོང་གསེབ་དར་རྒྱས་ཡོང་བ་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། དེ་ནི་ཞིང་གསུམ་ལས་དོན་གྱི་གཙོ་གནད་དེའི་ལོ་རྒྱུས་རང་བཞིན་གྱི་བརྗེ་སྒ