ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འདིར་ཞུཊ་འདུག

2020-11-21 15:43:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་20ཉིན་གྱི་དགོང་མོ་པེ་ཅིང་དུ་བརྙན་མཐོང་གྱི་ལམ་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བདུན་པར་ཞུགས་པ་མ་ཟད། འགོ་བརྗོད་དུ་༼ལག་གདང་སྦྲེལ་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་དབང་གཅིག་མཐུན་མ་ལག་གཏོད༽ཅེས་པའི་གསུང་བཤད་གལ་ཆེན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་དང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཕེལ་ཕྱོགས་འདི་མགྱོགས་སུ་བཏང་ཡོད། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་འབྱུང་འགྱུར་མཉམ་ལས་ཀྱི་ལམ་བུའི་ཐོག་ཇི་ལྟར་བསྐྱོད་རྒྱུ་དེ་ནི་ས་ཁུལ་གྱི་འཕེལ་རྒྱས་དང་། མི་དམངས་ཀྱི་བདེ་སྐྱིད། འཛམ་གླིང་གི་འབྱུང་འགྱུར་བཅས་དང་འབྲེལ་བ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ང་ཚོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྤྱི་ལོ་2020ལོའི་རྗེས་ཀྱི་མཉམ་ལས་འདུན་པ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཀྱི་དུས་མཚམས་གསར་པ་ཞིག་འགོ་འཛུགས་དགོས་པ་དང་། ཐུན་མོང་ཐོག་སྒོ་དབྱེ་ཁོང་ཡངས་དང་། གསར་གཏོད་འཕར་སྣོན། ཕན་ཚུན་སྦྲེལ་མཐུད། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་དབང་གཅིག་མཐུན་མ་ལག་གཏོད་དགོས་པ་སྟེ།

གཅིག་ནས། སྒོ་དབྱེ་ཁོང་ཡངས་རྒྱུན་འཁྱོངས་བྱེད་དགོས། ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ལྟེ་བ་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱབ་སྐྱོར་བྱེད་པ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་སྔ་ཙམ་བསྐྲུན་དགོས། ཀྲུང་གོའི་ཕྱོགས་ནས་ས་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཁྱོན་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་རྒྱུར་ཡང་བསམ་གཞིགས་ཧུར་ཐག་བྱ་རྒྱུ་ཡིན། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྤུས་མཐོའི་འཕར་སྣོན་འཐབ་ཇུས་དང་ཁོང་ཡངས་བྱ་སྤྱོད་ཀྱི་གྲོས་རིམ་མུ་མཐུད་དོན་འཁྱོལ་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཁོང་ཡངས་རང་བཞིན་གྱི་ཉོ་ཚོང་དང་མ་འཇོག་ཞིབ་གྲོས་སྐོང་འཚོག་བྱ་རྒྱུ་ཡིན།

གཉིས་ནས། གསར་གཏོད་དང་འཕར་སྣོན་རྒྱུན་འཁྱོངས་བྱ་དགོས། ལག་རྩལ་གསར་པ་ཁྱབ་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔལ་འབྱོར་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒོ་དབྱེ་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས། ཀྲུང་གོའི་ཕྱོགས་ནས་རིག་ནུས་གྲོང་ཁྱེར་གྱི་མཛུབ་ཁྲིད་རྩ་དོན་བཟོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཕྱོགས་ཁག་གིས་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་རིམས་ནད་འགོག་པ་དང་དཔལ་འབྱོར་སླར་གསོ་བྱེད་པའི་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུ་དང་། གྲངས་འཛིན་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དར་སྤེལ་གཏོང་རྒྱུ། གྲངས་འཛིན་དཔལ་འབྱོར་གྱི་མི་མངོན་པའི་ནུས་ཤུགས་འདོན་སྤེལ་བྱ་རྒྱུ་བཅས་ཀྱི་གྲོས་འགོ་འདོན་རྒྱུ་ཡིན། སང་ལོར། ཀྲུང་གོས་གྲངས་གཞིར་བརྟེན་ནས་དབུལ་པོ་ཉུང་གཏོང་གི་ཞིབ་གྲོས་སྐོང་འཚོག་བྱ་རྒྱུ་ཡིན།

གསུམ་ནས། མཉམ་སྦྲེལ་མཉམ་མཐུད་རྒྱུན་འཁྱོངས་བྱ་དགོས། མི་དང་དངོས་ཟོག མ་དངུལ། གྲངས་གཞི་བཅས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པ་བྱ་དགོས། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་མི་སྣ་འགྲོ་འོང་གི་མྱུར་བགྲོད་བགྲོད་ལམ་དང་དངོས་ཟོག་དབོར་འདྲེན་གྱི་ཤར་བགྲོད་བགྲོད་ལམ་འཛུགས་སྐྲུན་བྱ་རྒྱུར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ནས། གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་ཤར་བགྲོད་ངང་འཁོར་སྐྱོད་ཐུབ་པར་སྲུང་སྐྱོང་བྱ་འདོད་ཡོད། ཕྱོགས་ཁག་གི་འཕེལ་རྒྱས་འཆར་འགོད་དང་མཉམ་སྦྲེལ་མཉམ་མཐུད་ཀྱི་གྲོས་འགོ་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱུད་གཅིག་ལམ་གཅིག་སྤུས་མཐོའི་སྒོ་ནས་མཉམ་སྐྲུན་བྱེད་དགོས།

བཞི་ནས། མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱ་དགོས། ཕན་ཚུན་ཡིད་ཆེས་དང་། ཁོང་ཡངས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་བཟུང་ཐོག ས་ཁོངས་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གྲོས་མོལ་གཅིག་མཐུན་བྱུང་བའི་རྨང་གཞིའི་ཐོག་དངོས་གཉེར་མཉམ་ལས་ལ་སྐུལ་སྤེལ་གཏོང་བ་དང་། འགལ་ཟླ་དང་ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་སྲུང་སྐྱོང་བྱེད་པ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་བརྟན་པོའི་ངང་མདུན་སྐྱོད་ཐུབ་པ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱིས་རིམས་འགོག་སྨན་ཁབ་དང་། སྤྱི་པའི་འཕྲོད་བསྟེན། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། རིམས་ནད་འགོག་པའི་མཉམ་ལས་དང་དཔལ་འབྱོར་སླར་གསོ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་བ་རེད།

མཇུག་ཏུ་ཞི་ཅིན་ཕིང་གིས། ཀྲུང་གོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕྱོགས་ཁག་དང་མཉམ་དུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་དང་མཉམ་སྤྱོད་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་དམིགས་འབེན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།

གྲོས་ཚོགས་ནི་མ་ལེ་ཞི་ཡའི་ཙུང་ལི་མུའུ་ཞི་ཏིང་གིས་གཙོ་སྐྱོང་གནང་བ་རེད། གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་མི་དམངས་ཀྱི་མི་མངོན་པའི་ནུས་པ་སྐུལ་སློང་བྱས་ནས། སེམས་ཤུགས་ཆེར་གཏོང་དང་འབྱུང་འགྱུར་དར་རྒྱས་མཉམ་སྤྱོད་བྱེད་ཅེས་པ་དེ་རེད། ཚོགས་ཞུགས་དཔལ་འབྱོར་མ་ལག་ཁག་གི་འགོ་ཁྲིད་མི་སྣས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རྒྱུ་དང་སྤྱི་ལོ་2020ལོའི་རྗེས་ཀྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་མཉམ་ལས་འདུན་པར་དམིགས་ནས་གཟིགས་ཚུལ་བརྗེ་རེས་གང་ལེགས་གནང་བ་དང་། དགེ་མཚན་ལྡན་པའི་ཐུན་མོང་ངོས་འཛིན་བྱུང་ཡོད་པ་རེད།

འགོ་ཁྲིད་མི་སྣས། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་ལ་ཕྱོགས་སྐབས། ཕྱོགས་ཁག་གིས་མཐུན་པ་ཡོང་ཐབས་བྱེད་པ་ལས་ལྟ་བ་ཐ་དད་འཛིན་མི་རུང་བ་དང་། མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། རིམས་འགོག་སྨན་ཁབ་ཞིབ་བཟོའི་མཉམ་ལས་གཏིང་ཟབ་སྤེལ་བ་བཅས་བྱས་ནས། མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག་ལ་སྟབས་བདེ་བསྐྲུན་དགོས་པ་དང་། ཉམས་ཉེན་ལས་གང་མགྱོགས་རྣམ་པར་རྒྱལ་བ། དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་བ་བྱ་དགོས། འདྲ་མཉམ་གྱི་རོགས་ཟླ་དང་། ཐུན་མོང་གི་འགན་འཁྲི། ཕན་ཚུན་བརྩི་འཇོག གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཐོག ཉོ་ཚོང་མ་འཇོག་དང་། ཚན་རྩལ་གསར་གཏོད། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་སྦྲེལ་མཉམ་མཐུད་གཏིང་ཟབ་ཏུ་གཏོང་དགོས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བསྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱས་ནས། རང་མོས་དང་། སྒོ་དབྱེ། དྲང་གཞག མཐོང་ཆུང་མེད་པ། ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཉོ་ཚོང་མ་འཇོག་གི་ཁོར་ཡུག་ཅིག་བསྐྲུན་དགོས། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། སྤྱི་ལོ་2040ལོར་སྒོ་དབྱེ་དང་། གསོན་ཤུགས་ལྡན་པ། འགྱུར་མེད་སྟོབས་ལྡན། ཞི་བདེ་བཅས་ཀྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་མཐུན་མ་ལག་ཅིག་འཛུགས་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།

གྲོས་ཚོགས་ཐོག་༼སྤྱི་ལོ་2040ལོའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་པུའུ་ཐེ་ལ་ཅ་ཡའི་འདུན་པ༽ཞེས་པར་གྲོས་འཆམ་བྱུང་བ་དང་། ༼སྤྱི་ལོ་2020ལོའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་ཁྭ་ལ་ལུམ་ཕུའི་བསྒྲགས་གཏམ༽ ཞེས་པ་སྤེལ་བ་རེད།

ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

ཞི་ཅིན་ཕིང་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འདིར་ཞུཊ་འདུག

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་20ཉིན་གྱི་དགོང་མོ་པེ་ཅིང་དུ་བརྙན་མཐོང་གྱི་ལམ་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བདུན་པར་ཞུགས་པ་མ་ཟད། འགོ་བརྗོད་དུ་༼ལག་གདང་སྦྲེལ་ནས་ཨ་ཤེ་ཡ་དང