ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སྤྱི་ལོ་2020ལོའི་ཀྲུང་གོའི་5Gཐོག་བཟོ་ལས་སྣོན་པའི་མཉམ་འབྲེལ་དྲ་བའི་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བ།

2020-11-20 16:10:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་2020ལོའི་ཀྲུང་གོའི་5Gཐོག་བཟོ་ལས་སྣོན་པའི་མཉམ་འབྲེལ་དྲ་བའི་ཚོགས་ཆེན་སྤྱི་ཚེས་20ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ཡོད་པ་དང་། ཚོགས་ཆེན་སྐོང་འཚོགས་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ཧྲིལ་པོའི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་པ་དང་། ཆ་འཕྲིན་ལག་རྩལ་ཉིན་རེ་བཞིན་གོང་འཕེལ་འགྲོ་བཞིན་ཡོད། 5Gཐོག་བཟོ་ལས་སྣོན་པའི་མཉམ་འབྲེལ་དྲ་བ་མཉམ་བསྲེས་བྱུང་བ་དེས་གྲངས་གཞིའི་ཀྲུང་གོ་དང་། བློ་རིག་སྤྱི་ཚོགས་གང་མགྱོགས་བསྐྲུན་ཐུབ་པ་དང་། ཀྲུང་གོའི་བཟོ་ལས་ཅན་གྱི་རྣམ་པ་གསར་པའི་འཕེལ་རིམ་མགྱོགས་སུ་འགྲོ་བ། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་སྒུལ་ནུས་གསར་པ་སྣོན་པ། རིམས་ནད་ཀྱི་ཤུགས་རྐྱེན་འོག་འཛམ་གླིང་དཔལ་འབྱོར་ལ་གོང་འཕེལ་འགྲོ་བའི་གོ་སྐབས་གསར་པ་བསྐྲུན་ཡོད། ཚོགས་ཞུགས་འཐུས་མིས་རིག་ནུས་བྱ་དངོས་ཐམས་ཅད་དང་འབྲེལ་བ་དང་། མཉམ་བསྲེས་བྱས་ཏེ་འབྱུང་འགྱུར་གཏོད་ཅེས་པར་གཞིགས་ནས། སྤེལ་རེས་གཏིང་ཟབ་བྱས་པ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད་བྱུང་བ། མཉམ་ལས་ཤུགས་ཆེར་གཏོང་བ་བཅས་བྱས་ནས། དངོས་གཟུགས་ལ་ནུས་སྤྲོད་དང་། སྤྱི་ཚོགས་ལ་ཞབས་ཞུ། མི་དམངས་ལ་ཕན་བདེ་སྔར་ལས་ལྷག་པ་སྐྲུན་དགོས་པའི་རེ་བ་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་ཚོགས་ཆེན་འདི་ཧུའུ་པེ་ཝུའུ་ཧན་དུ་འཚོགས་པར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་ཚོགས་འདུ་འཚོགས་པ་དེ་གོ་སྐབས་སུ་བརྩིས་ནས། རིམས་ནད་འགོག་བཅོས་བྱེད་པའི་རླབས་ཆེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གྲངས་གཞིའི་དཔའ་འབྱོར་གྱི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་བ་དང་། གོང་འཕེལ་གྱི་གནས་སྟངས་གསར་པར་ཞབས་ཞུ་དང་བསྐྲུན་རྒྱུར་ལེགས་སྐྱེས་སྔར་ལས་ལྷག་པ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཡིས་བརྙན་མཐོང་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱང་གནང་བ་མ་ཟད་ཤིས་ཚིག་གསུངས་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཏང་ཀྲུང་དབྱང་གིས་5Gཐོག་བཟོ་ལས་སྣོན་པའི་དྲ་སྦྲེལ་ཐོན་ལས་གོང་འཕེལ་ལ་མཐོང་ཆེན་པོ་གནང་གི་ཡོད་པ་གང་ལེགས་མཚོན་ཡོད་པས། ནན་ཏན་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས་ཞེས་གསུངས་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་གྲོས་འགོའི་ནང་རྒྱལ་ནང་གི་འཁོར་རྒྱུག་གིས་གཙོ་བོ་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུ་མ་ཟད། ཚན་རྩལ་གསར་སྐྲུན་དེ་ལས་འགན་གཙོ་བོར་འཇོག་དགོས་ཞེས་བཏོན་ཡོད། ཧུའུ་པེར་ཉེ་བའི་ལོ་ཤས་རིང་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་། གྲངས་གཞིའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་གོང་འཕེལ་འགྲོ་ཚུལ་བཟང་པོ་ཡོད་པས། ཕན་ཡོད་གོ་སྐབས་དམ་འཛིན་བྱས་ཏེ་རང་ངོས་ཀྱི་བསྡུར་བའི་བཟང་ཆ་འདོན་སྤེལ་བྱེད་པ་དང་། འཁོར་རྒྱུག་གཉིས་ཀྱི་ཁྲོད་གནས་ས་འཚོལ་ཐུབ་པ་བྱེད་པ། 5Gཐོག་བཟོ་ལས་སྣོན་པའི་དྲ་སྦྲེལ་ཐོན་ལས་གོང་འཕེལ་མགྱོགས་སུ་གཏོང་བ། ཐོན་ལས་འབྲེལ་ཐག་གི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་ཡོད།

རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱི་དྲུང་ཆེ་ཀྲའོ་ཧའུ་ལིན་གྱིས་བརྙན་མཐོང་ཐོག་ནས་ཤིས་ཚིག་གསུངས་གནང་ཡོད།

སྤྱི་ལོ་2020ལོའི་ཀྲུང་གོའི་5Gཐོག་བཟོ་ལས་སྣོན་པའི་དྲ་སྦྲེལ་ཚོགས་ཆེན་འཚོགས་ཐེངས་དང་པོ་ཡིན་པ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། དམིགས་ཡུལ་ནི་5Gཐོག་བཟོ་ལས་སྣོན་པའི་དྲ་སྦྲེལ་དེ་ཁྱབ་ཁོངས་སྔར་བས་ཆེ་བ་དང་། ཚད་གཞི་སྔར་བས་ཟབ་པ། ཆུ་ཚད་སྔར་བས་མཐོ་བ་བཅས་ཀྱི་ཐོག་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག་ཧུའུ་པེ་ཡི་རིམས་ནད་རྗེས་ཀྱི་བསྐྱར་དར་དང་དཔལ་འབྱོར་སླར་གསོ་དང་གོང་འཕེལ་འགྲོ་རྒྱུར་རམ་འདེགས་བྱ་རྒྱུའི་ཆེད་དུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་སྤྱི་ལོ་2020ལོའི་ཀྲུང་གོའི་5Gཐོག་བཟོ་ལས་སྣོན་པའི་མཉམ་འབྲེལ་དྲ་བའི་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་2020ལོའི་ཀྲུང་གོའི་5Gཐོག་བཟོ་ལས་སྣོན་པའི་མཉམ་འབྲེལ་དྲ་བའི་ཚོགས་ཆེན་སྤྱི་ཚེས་20ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན