ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་དང་སློབ་གྲྭ་ཆེན་མོ་བའི་གྲོགས་པོ་རྣམ་པ་ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

2020-11-20 15:57:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཞི་ཅིན་ཕིང་དང་སློབ་གྲྭ་ཆེན་མོ་བའི་གྲོགས་པོ་རྣམ་པ་ཞེས་པའི་དེབ་ཉེ་དུས་ཀྲུང་གོ་གཞོན་ནུའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་པར་འགྲེམས་བྱས་ཡོད།

དེབ་དེའི་ནང་བཅར་འདྲིའི་ནང་དོན་ཡིག་ཐོག་ཏུ་ཕབ་པ་ཁག་25བརྒྱུད། སྤྱི་ལོ་1983ལོའི་ཟླ་12པ་ནས་སྤྱི་ལོ་2019ལོའི་ཟླ་7པའི་བར། བློ་མཐུན་ཞི་ཅིན་ཕིང་ཧོ་པེ་ཀྲེང་ཏིང་དང་། ཧྥུའུ་ཅན། ཀྲེ་ཅང་། ཧྲང་ཧའེ་བཅས་སུ་ཕྱག་ལག་གནང་བ་ནས་ཀྲུང་དབྱང་དུ་ཕྱག་ལས་གནང་བར་ཕེབས་པའི་བར། སློབ་གྲྭ་ཆེན་མོ་བ་དང་འགྲོ་འོང་སྤེལ་རེས་དང་སེམས་གཏམ་གླེང་རེས་གནང་བའི་གཏམ་རྒྱུད་འཁོད་ཡོད་པ་དང་། ཁོང་གིས་གཞོན་ནུ་དང་ལྷག་པར་དུ་སློབ་གྲྭ་ཆེན་མོ་བར་སྔ་བར་ཕྱི་གསུམ་དུ་ཐུགས་ཁུར་དང་། དོ་ཁུར། གཅེས་སྐྱོང་བཅས་གནང་བའི་ཟིན་ཐོ་འཁོད་ཡོད། དེབ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞོན་ནུའི་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པའི་གསོན་ཉམས་ལྡན་པའི་ཀློག་དེབ་ཅིག་ཡིན་པ་དང་། དེས་དུས་རབས་གསར་པའི་གཞོན་ནུའི་ལས་དོན་ཡག་པོ་བསྒྲུབ་པ་དང་། དེང་རབས་གཞོན་ནུ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་པར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

ཞི་ཅིན་ཕིང་དང་སློབ་གྲྭ་ཆེན་མོ་བའི་གྲོགས་པོ་རྣམ་པ་ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

དེབ་དེའི་ནང་བཅར་འདྲིའི་ནང་དོན་ཡིག་ཐོག་ཏུ་ཕབ་པ་ཁག་25བརྒྱུད། སྤྱི་ལོ་1983ལོའི་ཟླ་12པ་ནས་སྤྱི་ལོ་2019ལོའི་ཟླ་7པའི་བར། བློ་མཐུན་ཞི་ཅིན་ཕིང་ཧོ་པེ་ཀྲེང་ཏིང་དང་། ཧྥུའུ་ཅན། ཀྲེ་ཅང་། ཧྲང་ཧའེ་བཅས་སུ་ཕྱག་ལག་གནང་བ་ནས་ཀྲུང་དབྱང་དུ་ཕྱག་ལས་གནང་བར་ཕེབས་པའི་བར། སློབ་གྲྭ་ཆེན་མོ་བ་དང་འགྲོ་འོང་སྤེལ་རེས་དང་