ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ།

2020-10-16 15:34:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་10ཚེས་16ཉིན་དཔེ་བསྐྲུན་བྱས་པའི་འདོན་ཐེངས་20པའི༼བདེན་འཚོལ༽དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་བཅོས་བྱེད་པའི་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད་ཅེས་པ་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དེའི་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་བཟང་ཆ་གང་ལེགས་མངོན་པ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྟོབས་ཤུགས་གང་ལེགས་མངོན་པ། ཀྲུང་ཧྭའི་ཤེས་དཔལ་གྱི་ནང་དོན་ཟབ་མོ་གང་ལེགས་མངོན་པ། ཀྲུང་གོའི་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོའི་རང་རྟོགས་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད་ཅིང་། དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རང་གིས་རང་ལ་ཡིད་ཆེས་བྱེད་སེམས་དང་སྤོབས་སེམས། གོང་བུར་འགྲིལ་ཤུགས། ལྟེ་བར་ཕྱོགས་ཤུགས་བཅས་ཤུགས་ཆེར་ཕྱིན་ཡོད་པས། ང་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་ངེས་རེད་ཅེས་ནན་སྟོན་གནང་ཡོད།

རྩོམ་ཡིག་ནང་། ཚབས་ཆེའི་རིམས་ནད་དང་དམར་འཛིང་བྱས་པའི་ཁྲོད་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭའི་མི་རིགས་ཀྱིས་འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་ཞུམ་མེད་ཀྱི་དཔའ་སྟོབས་ཐོག་ནས་ཚེ་སྲོག་གོང་དུ་བཀུར་བ་དང་རྒྱལ་ཡོངས་གོང་འོག་གཅིག་སེམས་གཅིག་སྒྲིལ། རང་སྲོག་དོར་བར་མི་འཛེམས་པ། ཚན་རིག་ལ་བརྩི་བཀུར། ལས་དབང་གཅིག་མཐུན་བཅས་ཀྱི་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་བཏོད་ཡོད། རླབས་ཆེའི་རིམས་འགོག་སྙིང་སྟོབས་འདི་ནི་ཀྲུང་ཧྭའི་མི་རིགས་ཀྱི་དུས་ཡུན་རིང་པོའི་ནང་གྲུབ་པའི་དམིགས་བསལ་གྱི་གཤིས་རྒྱུད་དང་རིག་གནས་ཀྱི་གཞི་རྒྱུ་དང་གཅིག་རྒྱུན་གཅིག་འཛིན་བྱས་ཡོད་ ཅིང་། འདི་ནི་རྒྱལ་གཅེས་རིང་ལུགས་དང་མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་གོང་འཕེལ་བཏང་བ་ཞིག་ཡིན་པས། ཀྲུང་གོའི་སྙིང་སྟོབས་ལ་གསོན་ཉམས་ལྡན་པའི་གསལ་འགྲེལ་བྱས་ཡོད་ལ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཡང་བཏང་བ་ཞིག་ཀྱང་རེད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་། རིམས་ནད་འགོག་བཅོས་འཐབ་རྩོད་ཀྱི་རླབས་ཆེའི་ལག་ལེན་ཐོག་ནས། ཀྲུང་གོའི་གུང་ཁྲན་ཏང་ལ་ལྡན་པའི་སྟོབས་ཆེའི་འགོ་ཁྲིད་བྱེད་ནུས་ནི་དཀའ་སྡུག་འཕྲད་སྐབས་ཀྲུང་གོའི་མི་དམངས་ཀྱིས་བློས་འཁེལ་ཤོས་ཀྱི་སྲོག་ཤིང་ཞིག་ཡིན་པ་དང་། ཀྲུང་གོའི་མི་དམངས་ལ་ལྡན་པའི་ཞུམ་པ་མེད་པའི་བློ་སྟོབས་ནི་མདུན་སྐྱོད་འགྲོ་ལམ་ཐོག་དཀའ་ངལ་དང་འགོག་རྐྱེན་མཐའ་དག་ལས་རྣམ་པར་རྒྱལ་བ་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ལྡན་པའི་མངོན་བསལ་དོད་པའི་བཟང་ཆ་ནི་ཉེན་ཁ་དང་འགྲན་རྩོད་འགོག་པ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བའི་རྩ་བའི་འགན་ལེན་ཡིན་པ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གསོག་འཇོག་བྱས་པའི་སྲ་ཞིང་བརྟན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ནི་དཀའ་ངལ་ཆེན་པོར་ཁ་གཏད་གཅོག་པའི་གདིང་ཤུགས་ཤིག་ཡིན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ལྡན་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཡིན་པ། མི་སེམས་གཅིག་བསྡུས་དང་དམངས་ཤུགས་གཅིག་བསྡུས་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་ལྡན་པའི་རྒྱ་ཁྱབ་ཀྱི་འབོད་སྐུལ་བྱེད་ཤུགས་ནི་མིའི་རིགས་ཀྱི་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་མི་ཡུལ་གྱི་ཡང་དག་འགྲོ་ལམ་ཞིག་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

རྩོམ་ཡིག་ནང་། ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་གོང་འཕེལ་གྱི་དཀའ་སྡུག་དང་འོད་སྟོང་བརྒྱུད་དེ་ཡོང་བའི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭའི་མི་རིགས་ཀྱིས་དུས་རབས་གསར་པའི་རླབས་ཆེའི་རྒྱང་སྐྱོད་ལམ་བུའི་ཐོག་མུ་མཐུད་མདུན་སྐྱོད་བྱེད་ངེས་ཡིན་ལ། མི་སུ་འདྲ་ཞིག་དང་སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་ཡོང་བ་བྱེད་པའི་མདུན་སྐྱོད་གོམ་སྟབས་བཀག་འགོག་བྱེད་མི་ཐུབ་ཅེས་འཁོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་གཡུ་སྒྲོན།
ཡིག་སྒྱུར། སྐྱིད་པོ།

中央广播电视总台 央广网 版权所有

བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་10ཚེས་16ཉིན་དཔེ་བསྐྲུན་བྱས་པའི་འདོན་ཐེངས་20པའི༼བདེན་འཚོལ༽དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་བཅོས་བྱེད་པའི་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད་ཅེས་པ་སྤེལ་ཡོད་པ་རེད།