ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་དྲི་ཆུའི་ཝུའུ་ཏུང་དེའི་ཆུ་གློག་གློག་ཁང་གི་འཕྲུལ་འཁོར་སྡེ་པ་ཁག་དང་པོ་སྒྲིག་སྦྱོར་ལེགས་གྲུབ་ཟིན་ནས་གློག་གཏོང་འགོ་ཚུགས་པའི་ཐད་གློག་འཕྲིན་བཏང་ནས་མཛུབ་སྟོན་གལ་ཆེན་གནང་བ།

2020-06-29 20:39:00     责编:sangjzm
ཉེ་དུས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲི་ཆུའི་ཝུའུ་ཏུང་དེའི་ཆུ་གློག་གློག་ཁང་གི་འཕྲུལ་འཁོར་སྡེ་པ་ཁག་དང་པོ་སྒྲིག་སྦྱོར་ལེགས་གྲུབ་ཟིན་ནས་གློག་གཏོང་འགོ་ཚུགས་པའི་ཐད་གློག་འཕྲིན་བཏང་ནས་མཛུབ་སྟོན་གལ་ཆེན་གནང་བ་དང་།  ཁོང་གིས།  ཏང་ཀྲུང་དབྱང་གི་སྐུ་ཚབ་ཞུས་ནས་འཕྲུལ་འཁོར་སྡེ་པ་དང་པོ་སྒྲིག་སྦྱོར་ལེགས་གྲུབ་ཟིན་ནས་གློག་གཏོང་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་།  རྒྱ་ཆེའི་འཛུགས་སྐྲུན་པ་དང་ལས་གྲྭ་དེར་ལེགས་སྐྱེས་གང་མང་ཕུལ་མཁན་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས།  ཝུའུ་ཏུང་དེའི་ཆུ་གློག་གློག་ཁང་ནི་ནུབ་གློག་ཤར་འདྲེན་ལག་བསྟར་བྱེད་པའི་རྒྱལ་ཁབ་ཀྱི་ལས་གྲྭ་ཆེ་གྲས་ཤིག་རེད།  བློ་མཐུན་རྣམས་ཀྱིས་ཡར་འབད་བསྐྱར་འབད་དང་།  གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས།  ཚན་རྩལ་གྱི་མཐོ་ཚད་གསར་པར་འཛེགས་པ།  ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་རྗེས་མཐུད་ཀྱི་ལས་གྲྭའི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བཅས་བྱས་ཏེ་ཝུའུ་ཏུང་དེའི་ཆུ་གློག་གློག་ཁང་དེ་ཉིད་རྩེར་སོན་གྱི་ལས་གྲྭ་ཞིག་ཏུ་འགྱུར་རྒྱུའི་ཐད་འབད་བརྩོན་བྱེད་དགོས།  འབྱུང་ཁམས་སྔོན་འཇོག་དང་།  འབག་མེད་གོང་འཕེལ་རྒྱུན་འཁྱོངས་བྱེད་དགོས་པ་དང་།  ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་དྲི་ཆུའི་ཆུ་ནུས་ཐོན་ཁུངས་གསར་སྤེལ་བྱས་ཏེ་དྲི་ཆུའི་རྒྱུག་ཁུལ་ཉིད་སྲུང་སྐྱོབ་ཁྲོད་གོང་འཕེལ་གཏོང་བ་དང་གོང་འཕེལ་ཁྲོད་སྲུང་སྐྱོབ་ཐུབ་རྒྱུར་སྐུལ་འདེད་དང་།  མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་དགོས་ཞེས་གསུངས་ཡོད།
ཝུའུ་ཏུང་དེའི་ཆུ་གློག་གློག་ཁང་གི་འཕྲུལ་འཁོར་སྡེ་པ་ཁག་དང་པོའི་གློག་འདོན་འཛད་སྒོ་སྤྱི་ཚེས་29ཉིན་བརྙན་མཐོང་རྣམ་པའི་ཐོག་ནས་གཉེར་ཞིང་།  པེ་ཅིང་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་པ་མ་ཟད་ཡུན་ནན་དང་སི་ཁྲོན་སོགས་ས་ཁུལ་དུ་ཡན་ལག་ཚོགས་ར་བཙུགས་ཡོད།  འཛད་སྒོའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་ཡོད་པ་རེད།
ཝུའུ་ཏུང་དེའི་ཆུ་གློག་གློག་ཁང་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ལུའུ་ཆོན་རྫོང་དང་སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་ཧུའེ་ཏུང་རྫོང་གི་ས་མཚམས་སུ་གནས་ཤིང་། འདི་ནི་ཀྲུང་གོའི་དྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་སྤྱི་ལོ་2015ལོའི་ཟླ་བ་12པར་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ཞིག་ཡིན་པ་དང་།  སྤྱིའི་གློག་འདོན་འཕྲུལ་འཁོར་གྱི་ཤོང་ཚད་དེ་སྟོང་ཝ་བྱེ་བ་གཅིག་དང་ཉིས་འབུམ་ཟིན་གྱི་ཡོད་ཅིང་།  ལོར་ཆ་སྙོམས་གློག་འདོན་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་389དང་བྱེ་བ་1ཟིན་གྱི་ཡོད་པ་རེད།  ཆུ་གློག་གློག་ཁང་འདིའི་འཕྲུལ་འཁོར་སྡེ་པ་ཡོངས་སྤྱི་ལོ་2021ལོའི་ཟླ་བ་7པའི་གོང་དུ་སྒྲིག་སྦྱོར་ལེགས་འགྲུབ་ཟིན་ནས་གློག་འདོན་ཐུབ་པ་བྱ་རྩིས་ཡོད་པ་རེད། 
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་དྲི་ཆུའི་ཝུའུ་ཏུང་དེའི་ཆུ་གློག་གློག་ཁང་གི་འཕྲུལ་འཁོར་སྡེ་པ་ཁག་དང་པོ་སྒྲིག་སྦྱོར་ལེགས་གྲུབ་ཟིན་ནས་གློག་གཏོང་འགོ་ཚུགས་པའི་ཐད་གློག་འཕྲིན་བཏང་ནས་མཛུབ་སྟོན་གལ་ཆེན་གནང་བ།

ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲི་ཆུའི་ཝུའུ་ཏུང་དེའི་ཆུ་གློག་གློག་ཁང་གི་འཕྲུལ་འཁོར་སྡེ་པ་ཁག་དང་པོ་སྒྲིག་སྦྱོར་ལེགས་གྲུབ་ཟིན་ནས་གློག་གཏོང་འགོ་ཚུགས་པའི་ཐད་གློག་འཕྲིན་བཏང་ནས་མཛུབ་སྟོན་གལ་ཆེན་གནང་བ་དང་། ཁོང་གིས། ཏང་ཀྲུང་དབྱང་གི་སྐུ་ཚབ་ཞུས་ནས་འ