ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཁི་རི་པ་ཐིའི་ཙུང་ཐུང་མ་མའོ་ཡིས་འགན་གནས་བསྟུད་འཛིན་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བ།

2020-06-29 20:25:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་6པའི་ཚེས་26ཉིན་ད་ནེ་ཞི་ མ་མའོ་ལ་གློག་འཕྲིན་བཏང་ནས། ཁོང་ནས་ཁི་རི་པ་ཐིའི་ཙུང་ཐུང་གི་འགན་གནས་བསྟུད་འཛིན་གནང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་དང་ཁི་རི་པ་ཐིའི་བར་སྤྱི་ལོ་2019ལོའི་ཟླ་9པར་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་གོང་འཕེལ་ཕྱིན་ཡོད་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། འདི་ལོའི་སྤྱི་ཟླ་དང་པོར། ཙུང་ཐུང་མ་མའོ་ཡིས་ཀྲུང་གོར་ལེགས་གྲུབ་ལྡན་པའི་འཚམས་འདྲི་གནང་བ་དང་། ང་ཚོའི་བར་གྲུབ་འབྲས་ཀྱིས་ཕྱུག་པའི་ཐུགས་འཕྲད་བྱུང་ཡོད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་། ཀྲུང་གོ་དང་ཁི་རི་པ་ཐིས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཏེ། སླར་ཡང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་དང་བརྩེ་སེམས་མངོན་ཡོད། ངས་ཀྲུང་གོ་དང་ཁི་རི་པ་ཐིའི་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཙུང་ཐུང་མ་མའོ་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཁི་རི་པ་ཐའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།
 

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཁི་རི་པ་ཐིའི་ཙུང་ཐུང་མ་མའོ་ཡིས་འགན་གནས་བསྟུད་འཛིན་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བ།

ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་དང་ཁི་རི་པ་ཐིའི་བར་སྤྱི་ལོ་2019ལོའི་ཟླ་9པར་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་གོང་འཕེལ་ཕྱིན་ཡོད་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། འདི་ལོའི་སྤྱི་ཟླ་དང་པོར། ཙུང་ཐུང་མ་མའོ