ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་ཝ་ལའེ་དང་མཇལ་འཛོམས་གནང་བ།

2019-10-09 17:44:00     责编:卓玛才让

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་10པའི་ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་ཝ་ལའེ་དང་མཇལ་འཛོམས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་ཐོག་དངོས་སུ་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད། འདི་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་པའི་དོན་དག་བཟང་པོ་ཞིག་ཡིན། མཛའ་གྲོགས་ལ་སྔ་ཕྱི་མེད་དེ། མཛའ་གྲོགས་བཙུགས་ན་འོད་སྣང་གི་མདུན་ལྗོངས་ཡོང་ཐུབ་ཅེས་བསྟན་ཡོད་པ་དང་།

ཞི་ཅིན་ཕིང་གིས། ཀྲུང་གོའི་ཀོང་ཏུང་ཞིང་ཆེན་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཚོམ་རྒྱལ་ཁབ་བར་ས་གནས་མཉམ་ལས་སྤེལ་བར་རྨང་གཞི་བཟང་པོ་ལྡན་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་འཇོག་བྱས་ཡོད། ང་ཚོས་སོ་ལོ་མོན་གླིང་ཚོམ་ཕྱོགས་ནས་ཀོང་ཏུང་སོགས་ཀྲུང་གོའི་ས་གནས་ཞིང་ཆེན་དང་གྲོང་ཁྱེར་བར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། སོ་ལོ་མོན་གླིང་ཚོམ་ནི་དུས་རབས་ཉེར་གཅིག་གི་མཚོ་ཐོག་དར་ལམ་གྱི་ལྷོ་ངོས་ནུར་བསྲིངས་རྒྱུད་དུ་གནས་ཡོད། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་འགོད་རྒྱུ་དེ་གོ་སྐབས་སུ་རྩིས་ནས། གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་དང་། ཉོ་ཚོང་དང་མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་དང་ནགས་ལས་ཉ་ལས། འགྲིམ་འགྲུལ་འཕྲིན་གཏོང་སོགས་གཙོ་གནད་ཁྱབ་ཁོངས་ནང་མཉམ་ལས་ཀྱི་ཁྱད་ཆོས་གསར་པ་གཏོད་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有