ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཕ་ཁུ་སི་ཐན་གྱི་ཙུང་ལི་དབྱི་མུ་ལན་ཧན་དང་མཇལ་འཛོམས་གནང་བ།

2019-10-09 17:43:00     责编:卓玛才让

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་10པའི་ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཕ་ཁུ་སི་ཐན་གྱི་ཙུང་ལི་དབྱི་མུ་ལན་ཧན་དང་མཇལ་འཛོམས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཕ་ཁུ་སི་ཐན་ནི་ཁྱོན་ཡོངས་འཐབ་ཇུས་ཀྱི་མཉམ་ལས་རོགས་པ་ཉག་ཅིག་དེ་ཡིན། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་བ་གང་འདྲ་ཕྱིན་རུང་། ཀྲུང་གོ་དང་ཕ་ཁུ་སི་ཐན་གྱི་མཛའ་གྲོགས་ནི་ཐོག་མཐའ་བར་གསུམ་དུ་གཡོ་བ་མེད་པར་བྲག་རྡོ་ལྟར་བརྟན་པོ་ཡོད་ཅིང་། ཀྲུང་གོ་དང་ཕ་ཁུ་སི་ཐན་གྱི་མཉམ་ལས་ལ་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོའི་ཕྱོགས་ནས་ཕ་ཁུ་སི་ཐན་དང་མཉམ་དུ་འབད་བརྩོན་བྱས་ཏེ། དུས་རབས་གསར་པར་དེ་བས་ཟབ་པའི་ཀྲུང་གོ་དང་ཕ་ཁུ་སི་ཐན་གྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有